འདབ་པ་རྫོང་དཔྱིད་རེས་གྲོང་སྡེས་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཡོང་རོགས་བྱས།

དངོས་གྲུབ་སྒྲོལ་མས་བསྒྱུར།        2018-08-08

   རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ནས་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་ཕན་ནུས་ལྡན་པའི་སྒོས་སྤེལ་ཐུབ་པ་དང་། དབུལ་ཕོངས་མང་ཚོགས་དབུལ་ཐར་ཡོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ཁག་ཐེག་བྱ་ཆེད། འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་དཔྱིད་རེས་གྲོང་སྡེས་སྔོན་འགྲོའི་གནས་ཚུལ་མཐིལ་རྟོགས་བྱས་པར་བརྒྱུད། གྲོང་སྡེ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས་ཕྱུག་ པོ་ཆགས་ཐབས་བྱས་པ་རེད། ཉེ་ཆར། འདབ་པ་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས་དཔྱིད་རེས་གྲོང་སྡེའི་ཡུལ་མི་ལ་རིན་པ་མི་དགོས་པའི་བྱ་ཕྲུག་སྤྲད་པ་རེད།

   བྱེད་སྒོ་སྤེལ་ཡུལ་དུ་ཞིང་པའི་དུད་ཚང་གིས་གོ་རིམ་ལྡན་པའི་སྒོ་ནས་བྱ་ཕྲུག་ལེན་པར་སྒུག་བཞིན་པ་རེད། ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་དབུལ་ཐར་གྱི་རེ་བ་ཁེངས་པའི་བྱ་ཕྲུག་དེ་དག་ཞིང་དུད་རང་ཉིད་ཀྱི་གཟེབ་མའི་ནང་དུ་བཞག་ནས་གདོང་ལ་དགའ་སྤྲོའི་མཛུམ་མདངས་རབ་ཏུ་རྒྱས་བཞིན་པ་རེད།

   འབྲེལ་ཡོད་འགན་འཁུར་བས་བྱ་ཕྲུག་གསོན་ཚད་མཐོ་རུ་གཏོང་ཐུབ་པའི་ཆེད་དུ། ད་ཐེངས་སྤྲད་པའི་བྱ་ཕྲུག་དེ་དག་གི་ལྗིད་ཚད་ལ་སྤྱི་རྒྱ 0.4ནས0.6བར་ཡོད་པ་དང་། བྱ་ཕྲུག་ཚང་མར་རིམས་འགོག་སྨན་ཁབ་སྣ་ཁ6བརྒྱབ་ཟིན། གཏོང་སྤྲོད་བྱས་པའི་བྱ་ཕྲུག་ཚང་མར་ནད་འགོག་ནུས་དང་འཕྲོད་པའི་ནུས་པ་ཤིན་ཏུ་ཆེ་བ་དང་། འཚོ་སྐྱོང་བྱེད་སའི་ཁོར་ཡུག་འགྱུར་ལྡོག་བྱུང་སྐབས་རིམས་འགོག་གི་ནུས་པ་ཧ་ཅང་ལྡན་པར་ཁག་ཐེག་བྱས་ཡོད། ཞིང་དུད་ཀྱིས་གསོ་སྐྱོང་བྱེད་བདེ་བར་མ་ཟད་འཚར་ལོངས་ཡོང་མགྱོགས་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འདབ་པ་རྫོང་དཔྱིད་རེས་གྲོང་སྡེ་ལ་བྱ་ཕྲུག240བྱིན་ནས་རིན་ཐང་སྒོར6000ལྷག་རི་བ་རེད། གྲོང་སྡེ་ཡོངས་ཀྱི་དུད་ཚང11ལ་ཕན་ཐོགས་པ་རེད། ད་ཐེངས་སྤྲད་པའི་བྱ་ཕྲུག་དེ་ཚོ་ཟླ་གཅིག་ལྷག་གསོ་སྐྱོང་བྱས་ཡོད་པས།ཞིང་དུད་ཀྱིས་ཟླ་བཞི་དང་ལྔ་ལྷག་ཙམ་གསོ་སྐྱོང་བྱས་རྗེས་སྒོ་ང་བཏང་ནས་ཡོང་འབབ་རག་ཐུབ་པ་རེད།། 


  • ལེ་ཚན་སྔོན་མ།:མང་ཚོགས་དང་ཉེ་བར་བཅར་ནས་སྲིད་ཇུས་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:མཚལ་མདངས་བཀྲ་བའི་ཉག་རོང་།
  • དོ་སྣང་ཆེ་བའི་རྩོམ།