ཐུར་ཁེའི་ཙུང་ཐུང་གིས་ཨ་མེ་རི་ཁར་དེར་མཚུངས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུའི་ཚུལ་བསྟན།

        2018-08-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཞིའི་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་བསྟན་དོན། ཐུར་ཁེ་ཡིས་ཨ་མེ་རི་ཁའི་ཁྲིམས་འཛིན་བློན་ཆེན་དང་ནང་སྲིད་བློན་ཆེན་གྱི་ཐུར་ཁེའི་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་ཡིན་ཟེར། བྱ་སྤྱོད་དེ་ནི་ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལ་དམིགས་པའི་དེར་མཚུངས་ཀྱི་རྒོལ་ལན་ཡིན་པ་རེད། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཚོགས་ཤིག་གི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་འཐབ་ཇུས་གྲོགས་པོ་ཐུར་ཁེ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་ནི་ལུགས་མཐུན་མིན་པའི་བྱ་སྤྱོད་ཅིག་ཡིན་པ་དང་། ཐུར་ཁེ་ཡིས་འཇིགས་སྐུལ་རང་བཞིན་གྱི་སྐད་ཆ་དང་བླུན་རྨོངས་ཀྱི་ཆོད་དོན་ལ་མགོ་སྒུར་མི་སྲིད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཀག་སྡོམ་ཐེབས་པའི་ཨ་མེ་རི་ཁའི་དཔོན་རིགས་ཀྱི་མིང་གསལ་བོར་བཤད་མེད་པ་དང་། ཐུར་ཁེ་རུ་རྒྱུ་ནོར་ཡོད་མེད་ཀྱང་གསལ་བོར་བཤད་མེད།  །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཁག་ཅིག་བསྐོ་བཞག་དང་ཕྱིར་འཐེན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།