ཟླ་དྲུག་པའི་སྨྲེང་བ།

ཚེས་ཀ        2018-08-03

སྤྲིན་པར་ལག་འཇུ་བྱས་ནས།

དབང་གཞུའི་རྒྱན་ཚིག་བཞག

ཁ་བ་འབབ་ཚུལ་གླེང་།

 

ཉི་ཟེར་ལ་སྙན་ངག་བྲིས་ཏེ།

གྲུབ་མའི་བརྗོད་བྱ་བྱས།

ཟླ་འོད་གྲང་རབས་བྲིས།

 

བསིལ་རླུང་གྲོགས་སུ་བོས་ཤིང་།

ལྗང་ལོར་གཏམ་རྒྱུད་དྲིས།

ཝ་མོ་བྲོས་ཚུལ་ཕབ།


  • ལེ་ཚན་སྔོན་མ།:དུས་འདི་ལ། ངས་ཅི་ཡང་དྲན་མི་འདོད།
  • ལེ་ཚན་རྗེས་མ།:མཚན་མོའི་ཁེར་ལབ།