སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

    ཀན་ལྷོའི་གསར་འགྱུར།    2018-08-02

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨོའུ་དབྱང་ཅན། ཞིང་ཆེན་སྲིད་གྲོས་སྔོན་གྱི་ཀྲུའུ་ཞི་ཁྲེན་ཞུའེ་ཧེང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་ཐུན་ལིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཅ་དབྱིས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཁྲིན་ཁོ་ཀོན། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྡེ་བ་ཚང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྔོན་གྱི་ཀྲུའུ་ཞི་གཞོན་པ་ཚེ་བརྟན་སྒྲོལ་མ་དང་། ཞིང་ཆེན་སྲིད་གྲོས་སྔོན་གྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲིན་ཀང་སོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།

སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

   ཁུལ་དཔོན་གཞོན་པ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡོན་ཀོ་ཡིས་འགོ་བརྩམས་པའི་མཛད་སྒོའི་གཙོ་འགན་ཁུར།

   སྔ་དྲོའི་ཆུ་ཚོད་དགུའི་ཐོག   ལིན་ཏོ་ཡིས་སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

   རྒྱལ་གླུའི་གླུ་སྐད་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་སྒྲེང་བ་དང་། དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཤོག་སྦག་གིས་བར་སྣང་གང་ནས་དུང་ཕྲུག་རྩྭ་ཐང་གླུ་གར་གྱི་རྒྱ་མཚོ་ཞིག་ཏུ་གྱུར་ཡོད།ཡུས་ཁྲིན་ཧུའེ་ཡིས་དགའ་སྤྲོ་ཆེན་པོའི་ངང་ཤིས་ཚིག་ཕུལ་བ། ཁོས་མཛེས་སྡུག་ལྡན་པའི་ཀན་ལྷོ་གཡང་ལྡན་ཕྱུག་མོས་རི་སྔོ་རྩྭ་ལྗང་གི་དྲི་ཞིམ་རོལ་མྱོང་བྱས་པ་དང་བརྩེ་བའི་སྨོན་འདུན་མི་ཡུལ་དུ་བསྐྱལ་ལ། མཐོ་སྒང་གི་མུ་ཏིག་ཤར་བའི་སྐབས་དེར་གནམ་སྔོན་པོ་དང་སྤྲིན་དཀར་པོའི་འཚམ་འདྲི་སྐྱེལ་ཡོང་བ་དང་། ཆེས་དག་གཙང་གི་ཉི་འོད་མདོ་དབུས་ས་མཐོའི་སྒེའི་ཁང་ནང་དུ་འཕྲོ་རུ་བཅུག   ཟོལ་མེད་ཀྱི་བརྩེ་སེམས་སྐྱེ་ཁམས་གཞིས་ཁྱིམ་དུ་བསྐྱལ། སྐྱེས་སྟོབས་ཀྱི་དཔལ་འབར་ལ་ལྗོན་ཤིང་ཡོད་དགུའི་དཔྱིད་ཀྱི་དཔལ་ཡོན་འགྲན་པའི་དུས་ཚིགས་འདིར་ང་ཚོ་དུས་ལྟར་མདོག་དགུའི་ཀན་ལྷོ་རུ་མཉམ་འཛོམས་བྱུང་ནས་གཙོད་གྲོང་ནས་མཇལ་ལ་དུང་ཕྲུག་རྩྭ་ཐང་ནས་འཛོམས་ནས་སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་གཟབ་རྒྱས་ངང་ཚོགས། སྐབས་འདི་དང་བསྟུན་ནས་ངས་ཀན་ལྷོ་ཁུལ་གྱི་ཚན་ཁག་ཆེན་མོ་བཞིདང་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་ཁྲི 74 ཡི་ཚབ་བྱས་ནས་དུས་ཡུན་རིང་བོར་ཀན་ལྷོ་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་འགོ་ཁྲིད་དག་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོའི་ཤེས་ལྡན་མི་སྣ་དག་ལ་བཀའ་དྲིན་ཆེ་ཞུ། དེ་དང་མཉམ་དུ་ཆུ་ལོག་དང་དྲག་ཆར་གནོད་སྐྱོན་བྱུང་བའི་འབྲུག་ཆུ་རྫོང་དང་ཐེ་བོ་རྫོང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམ་འདྲི་བྱས་ལ། ཉེན་འགོག་གནོད་སེལ་བྱ་བའི་ཐད་འབད་པ་དང་ཐུགས་ཁུར་བྱེད་བཞིན་པའི་རིམ་པ་སོ་སོའི་འགོ་ཁྲིད་དང་ལས་རིགས་སོ་སོའི་གྲོགས་པོ། ཕྱོགས་སོ་སོའི་གཅེས་སེམས་མི་སྣ་དག་ལ་བླ་ན་མེད་པའི་གུས་འདུན་སྙིང་ནས་ཞུ་ཞེས་བཤད།

སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

   ཡུས་ཁྲིན་ཧུའེ་ཡིས་བཤད་རྒྱུར། ཀན་ལྷོའི་ཆུ་གཙང་རི་དྭངས་ལ་བདག་སྐྱོང་དང་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ 40 རིང་ལ་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྟན་པོའི་འགོ་ཁྲིད་འོག འོད་སྟོང་འབར་བའི་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོག་ནས། ཀན་ལྷོའི་བོད་ཁུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། དཔལ་འབྱོར་བདེ་བླག་ངང་གོང་དུ་འཕེལ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡིན་པ། མི་རིགས་མཐུན་སྒྲིལ་ངང་ཡར་ཐོན་ཡོང་བ། ཆོས་ལུགས་ཀྱི་ཆོ་ག་འོས་འཚམ་སྤེལ་བ།  མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡིན་ལ། ཀན་ལྷོའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གྱི་ཡང་དག་པའི་མཛུབ་སྟོན་དང་། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ། མི་རིགས་སོ་སོ་དང་ལས་རིགས་ཁག་སོ་སོའི་ཤུགས་ཆེན་པོའི་གཞོགས་འདེགས་ཀྱི་འོག་ནས།  ལས་ལ་བརྩོན་ཞིང་དཔའ་སྙིང་ཆེ་བའི་ཀན་ལྷོའི་མི་དམངས་ཀྱིས་རང་གི་ཕ་ཡུལ་དེ་མིང་དོན་མཚུངས་པའི་སྐྱེ་ཁམས་དཔལ་ཡོན་ཅན་དུ་བསྒྱུར་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།

སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

   ལོ་ན80ལ་བཞེས་པའི་མིང་དུ་གྲགས་པའི་གླུ་བ། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པ་ཚེ་བརྟན་སྒྲོལ་མས《རི་གླུ་བླངས་ནས་ཏང་ལ་ཉན་དུ་བཅུག་པ》དང《པེ་ཅིན་གྱི་གསེར་རིའི་སྟེང》སོགས་གྲགས་པ་འབར་བའི་གླུ་དབྱངས་བླངས་ནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

   དེར་མ་ཟད་འཇམ་དབྱངས་སྒྲོལ་མ་དང་དབང་མོ། དེ་མིན་རང་ཀན་ལྷོ་ས་ཁུལ་གྱི་གླུ་བ་སོགས་ཀྱིས་ངག་རྟ་སྙན་མོ་དབྱངས་ལ་བཀུག ཡིད་སེམས་ཅིག་ཅར་འཕྲོག་པའི་རིག་རྩལ་འཁྲབ་སྟོན་དེ་དག་གིས་ཕྱོགས་ཡོངས་ནས་ཀན་ལྷོ་ཡི་ལྗང་མདོག་གི་ཕ་ས་དང་མི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་མཚོན་ཡོད།

   སྙན་མོའི་ངག་གི་འགྱུར་ཁུགས་ཁྲོད་དུ། མི2000ལྷག་གིས་སྐོར་བྲོ་འཁྲབ་སྟེ་ཚང་མས་དགའ་བསུ་དང་ལྟད་མོ་ངོ་མཚར་ལྟ་ན་སྡུག་པ་ཅིག་ཏུ་བསྐྲུན།

སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

   ཐེངས་འདིའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་དང་གཙོས་གྲོང་ཁྱེར་ཏང་ཨུ། གཙོས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་ཁུར་ལེན་བྱས་པ་ཡིན།     ཞིན་ཧྭ་གསར་འགྱུར་ཁང་ཀན་སུའུ་ཡན་ལག་ཁང་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཀན་སུའུ་ཞིང་ཆེན་དུ་བཅའ་སྡོད་བྱེད་པའི་གསར་འགོད་པའི་ས་ཚིགས། ཀན་སུའུ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་འགོ་རྩོམ་པའི་གནས་ཚུལ་ཡུལ་དངོས་ཐད་གཏོང་བྱས་པ་དང་། ཀོང་མིང་ཉིན་རེའི་ཚགས་པར་དང་ཀྲུང་གོའི་ན་གཞོན་ཚགས་པར། མི་དམངས་དྲ་བ། ཐེང་ཞུན། ཀན་སུའུ་ཉིན་རེའི་ཚགས་པར་སོགས་གསར་འགྱུར་སྨྱན་སྦྱོར60ལྷག་གིས་དྲིལ་བསྒྲགས་བྱས་ཤིང་། རྒྱལ་ནང་གི་པར་ལེན་ཆེད་མཁས་པ100ལྷག་གིས་ཕྱོགས་ཡོངས་ནས་པར་བླངས་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་གཙོས་གྲོང་ཁྱེར་གྱི་རིགས་སོ་སོའི་མང་ཚོགས་ཁྲི9ལྷག་ལ་ཉེ་བ་ཙམ་གྱིས་ཡུལ་དངོས་ནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་འགོ་རྩོམ་པའི་ལྟད་མོར་ལྟ་བཞིན་ཡོད།

ཉིན་དེའི་དགོང་མོར། གཙོས་གྲོང་ཁྱེར་དུང་ཕྲུག་རྩྭ་ཐང་ནས་མེ་ཕུང་སྐོར་བྲོ་འཁྲབ་པ་སོགས་ཀྱི་རིག་རྩལ་དགོང་ཚོགས་བསྒྲུབ་པ་རེད།།


  • ལེ་ཚན་སྔོན་མ།:བུ་ཕྲུག་གཅིག་རང་ལ་གཉོར་སྐྱོང་དགོངས་པ་ཉིན15ཡི་ལྟ་སྐྱོང་འཐོབ་རན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10