བུ་ཕྲུག་གཅིག་རང་ལ་གཉོར་སྐྱོང་དགོངས་པ་ཉིན15ཡི་ལྟ་སྐྱོང་འཐོབ་རན།

        2018-08-02

   

བུ་ཕྲུག་གཅིག་རང་ལ་གཉོར་སྐྱོང་དགོངས་པ་ཉིན15ཡི་ལྟ་སྐྱོང་འཐོབ་རན།

   དག་བཅོས་བྱས་པའིསི་ཁྲོན་ཞིང་ཆེན་རྒན་རྒོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིགཆེས་གསར་པའི་གཏན་འབེབས་ལྟར་ན། ནད་ཕོག་ནས་སྨན་ཁང་དུ་སྡོད་བཅོས་བྱེད་པའི་རང་མགོ་མི་ཐོན་པའི་རྒན་རྒོན་ཚོའི་བུ་ཕྲུག་གཅིག་རང་ལ་མི་སྤྱོད་ལས་ཁུངས་ཀྱིས་ལོ་གཅིག་ལ་རིམ་རྩིས་ཉིན་བཅོ་ལྔ་ལས་མི་བརྒལ་བའི་གཉོར་སྐྱོང་དུས་ཚོད་སྦྱིན་རྒྱུ་དང་། བུ་ཕྲུག་གཅིག་རང་མིན་མཁན་ལ་ལོ་རེར་རིམ་རྩིས་ཉིན་བདུན་ལས་མི་བརྒལ་བའི་གཉོར་སྐྱོང་དུས་ཚོད་སྦྱིན་རྒྱུ་རེད།

    གསར་འགོད་པས་སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། སྲོག་ཡིག་འདི་སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བརྡས་ཐག་བཅད་ཅིང་། ད་ལོའི་སྤྱི་ཟླ10པའི་ཚེས་གཅིག་ཉིན་ནས་ལག་ལེན་བསྟར་རྒྱུ་རེད།

    སྲོག་ཡིག་ནང་དུ་མི་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐུན་མོང་གྲོས་མོལ་དང་ཡང་ན་སྒྲིག་ལམ་གཏན་འབེབས་བྱས་ནས་གཉོར་སྐྱོང་དུས་ཚོད་གཏན་འཁེལ་བྱ་དགོས་ཤིང་། གཉོར་སྐྱོང་དུས་རིམ་གྱི་གླ་ཕོགས་དང་ཕན་བདེའི་ལྟ་སྐྱོང་ལ་འགྱུར་བ་མེད་ཅེས་གཏན་འབེབས་བྱས་ཡོད་པ་རེད།

   སྲོག་ཡིག་ཏུ་ད་དུང་གཉོར་སྐྱོང་བྱེད་མཁན་གྱིས་རྒན་རྒོན་ལ་དཔལ་འབྱོར་དང་འཚོ་བ། བསམ་པ་བཅས་ཀྱི་ཐད་འོས་འགན་ཡག་པོ་བསྒྲུབ་དགོས་པའི་གཏན་འབེབས་གསལ་པོར་བྱས་ཡོད།


  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:སྐབས་བཅུ་དགུ་བའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།