གསེར་ཐར་རྫོང་གིས་དམངས་ཆེན་འཐུས་མི་སྒྲིག་འཛུགས་བྱས་ཏེ་སློབ་གསོའི་ཐད་བརྟག་ཞིབ་བྱས།

གཡུ་མགོན་དང་ཝང་ཁྲའོ་ཀང་གཉིས་ནས།        2018-07-23

    ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་སློབ་གསོའི་དབུལ་སྐྱོར་གཞི་རིམ་དུ་མངོན་འགྱུར་བྱ་ཆེད། སྤྱི་ཟླ7པའི་ཚེས10ནས་ཚེས12ཉིན་གྱི་བར། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཀྱིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་དམངས་ཆེན་འཐུས་མི་དག་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་མི32ལྷག་ཁྲིད་ནས་བརྡར་ཚང་དང་སྙན་ལུང་། རྒྱ་ཤོད། སྦོ་མདའ། ཤེལ་གྲུབ་བཅས་ཤང་གི་ལྟེ་གནས་སློབ་ཆུང་དང་། རྫོང་ཆ་ཚང་སློབ་ཆུང་གཉིས་པ། རྫོང་བྱིས་བཅོལ་ཁང་། རྫོང་གི་གྲོང་ཁུལ་སློབ་ཆུང་སོགས་སློབ་གྲྭ་བརྒྱད་ཀྱི་སློབ་གསོའི་ལས་དོན་དང་གནས་སྟངས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད།

    བརྟག་དཔྱད་ཞིབ་འཇུག་བྱེད་རིང་། ཨུ་ཡོན་ཚོས་ཇི་ལྟར་བྱས་ནས་གསེར་ཐར་གྱི་སློབ་གསོ་འཕེལ་རྒྱས་གཏང་རྒྱུ་དང་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་སྟེ། གཅིག་ནི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སློབ་གསོའི་ཐད་མ་དངུལ་འབོར་ཆེན་བཏང་ནས་སློབ་བྱོལ་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས།གཉིས་ནི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སློབ་ཚན་དང་སློབ་ཐུན་ནང་དུ་བཞག་ནས་མི་རིགས་མཐུན་སྒྲིལ་སྐོར་གྱི་ཚགས་པར་གཉེར་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བརྩམས་ཆོས་བསྡུ་ལེན་བྱས་ཏེ་ཚགས་པར་དུ་འགོད་པ་སོགས་ཀྱི་ལས་ཀ་བསྒྲུབས་པར་བརྟེན། དགེ་རྒན་དང་སློབ་མའི་ཀུན་སྤྱོད་དང་སློབ་གསོའི་རྣམ་པ་དྲིལ་བསྒྲགས་བྱ་དགོས། གསུམ་ནི་ཕུལ་བྱུང་གི་དགེ་རྒན་གདན་འདྲེན་ཞུས་ནས་དགེ་རྒན་རྣམས་ལ་ཟབ་སྦྱོང་བྱས་པར་བརྒྱུད། དགེ་རྒན་གྱི་ཆེད་ལས་ཤེས་བྱའི་རྨང་གཞི་ཇེ་ཡག་དང་སློབ་ཁྲིད་འཇོན་ནུས་ཇེ་དྲག སློབ་གྲྭའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་གཏང་དགོས། བཞི་ནི་དགེ་རྒན་ཚོའི་ལྟ་རྒྱ་དང་ཐོས་རྒྱ་ཇེ་ཆེར་བཏང་ནས་ཤེས་བྱའི་ཆུ་ཚད་ཇེ་མཐོར་བཏང་སྟེ་སློབ་མའི་ཤེས་རིག་གི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན།་ཉེ་བའི་ལོ་ཤས་རིང་རྫོང་དེས་སློབ་བྱོལ་ཚོད་འཛིན་བྱེད་པའི་འགན་ཁུར་ལམ་ལུགས་ལག་བསྟར་བྱས་ནས2017ལོར་སློབ་མ་གསར་པ2391བསྡུས་པ་དང་།རྫོང་ཡོངས་ཀྱི་སློབ་བྱོལ་སློབ་མ1627སློབ་གྲྭ་ཕྱིར་ཁྲིད་ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི400བཏང་ནས་སློབ་མའི་མདུན་ཅོག་དང་འདུག་སྟེགས། བཅའ་སྡོད་སློབ་མའི་འཚོ་བའི་མཁོ་ཆས3800ལྷག་ཉོ་སྒྲུབ་བྱས། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོར་བྱིས་གཉོར་ཁང28དང་།རོལ་དབྱངས་ཁང26དང་།མཛེས་རྩལ་ཁང་བསྐྲུན་པ་དང་ཆབས་ཅིག གྲོང་སྡེ་རེ་ལ་བྱིས་བཅོལ་ཁང་རེ་བཙུགས་པའི་སྲིད་ཇུས་ལག་བསྟར་བྱས་ནས་དགེ་རྒན180བསྡུ་ལེན་བྱས་ནས་།རྫོང་ཡོངས་ཀྱི་བྱིས་པ་རྣམས་སློབ་གྲྭ་རུ་བསྡུ་ཐུབ་པར་ཁག་ཐེག་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:སྔོན་མའི་བེད་མེད་ས་རྒོད་ཕྱུག་འགྱུར་གྱི་གཞི་མར་བསྒྱུར།
  • ལེ་ཚན་རྗེས་མ།:དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས་གྲབས་ཡོད།
  • དོ་སྣང་ཆེ་བའི་རྩོམ།