ཆུ་ལོག་གནོད་འགོག་དང་ཉེན་སེལ་མྱུར་སྐྱོབ་ལས་ཀ་ཧུར་ཐག་སྤེལ།

སྐལ་ཐུབ་ཀྱིས་བྲིས།        2018-07-23

  ཆར་ཆུ་འབེལ་བའི་དུས་ཚིགས་ཤར་བ་ནས་བཟུང་། ཆར་ཞོད་ཇེ་ཆེར་སོང་བ་དང་བསྟུན་ནས་རང་རྒྱལ་གྱི་ས་གནས་ཉེར་བདུན་ལ་ཆུ་ལོག་བྱུང་སྟེ་མི་ཁྲི་ཉིས་སྟོང་ལྷག་དང་ལོ་ཏོག་སྤྱི་ཆིང་ཆིག་ཁྲི་བདུན་སྟོང་ལྷག་ལ་གནོད་པ་ཐེབས་ཤིང་། དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་ལྔ་བརྒྱ་ལྷག་ཐེབས་པ་རེད། རང་ཁུལ་གྱི་ས་གནས་ཁག་ཏུ་ཡང་ཆུ་ལོག་ཆེ་ཆུང་དུ་མ་བྱུང་དང་འབྱུང་བཞིན་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཀའི་འགན་འཁྲི་དོན་ཐོག་འཁྱོལ་བ་དང་གནོད་སྐྱོན་སྔོན་འགོག་ནན་པོར་བྱས་ཏེ་ནུས་ཤུགས་ཡོད་དགུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས་ཞེས་ཆུ་ལོག་སྔོན་འགོག་དང་ཉེན་སེལ་མྱུར་སྐྱོབ་ལས་ཀའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། 

  ལོ་རེའི་དུས་ཚིགས་འདིར་ས་གནས་སོ་སོས་ཆུ་ལོག་གནོད་འགོག་དང་མྱུར་སྐྱོབ་ལས་ཀ་སྤེལ་བར་སྐད་ཅིག་གཅིག་ཙམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་ཞིང་། མི་རྩ་བར་འཛིན་པའི་འདུ་ཤེས་བཅངས་པ་དང་གཅིག མང་ཚོགས་ལ་ཆུ་ལོག་གནོད་འགོག་གི་དྲིལ་བསྒྲགས་སློབ་གསོ་བྱ་རྒྱུ་དང་གཉིས། ཆུ་མ་ཡོང་གོང་གི་ཆུ་རགས་བསྐྲུན་པ་དང་གསུམ། འཕྲལ་བསྟུན་སྔོན་བཀོད་ཇུས་གཞི་བཟོས་པ་དང་བཞི། ཉེན་ཁ་འབྱུང་སླ་ས་ཐམས་ཅད་ལ་བྱ་ར་བྱ་རྒྱུ་དང་ལྔ། གནམ་གཤིས་དང་ཆུ་ལོག ས་གཤིས་བཅས་ཀྱི་གནོད་འཚེར་ལྟ་སྐུལ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་བྱ་རྒྱུ་དང་དྲུག ལྟ་སྲུང་ལས་རེས་བཀོད་སྒྲིག་ཡག་པོ་བྱ་རྒྱུ་དང་བདུན། གནོད་འགོག་དངོས་རྫས་གྲབས་གསོག་བྱ་རྒྱུ་དང་བརྒྱད། གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱ་རྒྱུ་དང་དགུ། ལས་ཁུངས་དང་སྡེ་ཚན་སོ་སོའི་བར་མཐུན་སྦྱོར་ཡག་པོར་བྱས་ཏེ་མི་བརྒྱ་སེམས་གཅིག་གིས་ཆུའི་འཇིགས་པ་ལས་རྣམ་པར་རྒྱལ་དགོས་པ་བཅས་ཕྱོགས་བཅུའི་ལས་ཀ་དམ་འཛིན་ནན་འཛིན་གཟབ་འཛིན་བྱ་དགོས་སོ།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པར་ཁུལ་ཡོངས་ཀྱིས་གལ་ཆེའི་ལས་གཞི་སྐུལ་འདེད་གཏོང་ཚུལ་ལ་གསན་འཇོག་གནང་།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་ཡུལ་དངོས་སུ་ཞིང་ལས་ལག་རྩལ་པར་སྦྱོང་བརྡར་བྱས་ཏེ་འཇོན་ནུས་ཇེ་དྲག་ཏུ་གཏོང་།
  • དོ་སྣང་ཆེ་བའི་རྩོམ།