མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ས་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་པོར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས19ཡི་ཐོག་འཕར་སྣོན་བྱེད།

ཡེ་ཤེས་ཀྱིས་བསྒྱུར།        2018-07-19

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ7པའི་ཚེས7ཉིན་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་ས་ཁུལ་གྱི་ནད་པའི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ས་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་པོར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས19ཡི་ཐོག་འཕར་སྣོན་བཏང་ནས་ཞིང་འབྲོག་ས་ཁུལ་གྱི་མི་འབོར་དབུལ་པོའི་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་རྒྱུ་ཡིན་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལེགས་སྒྲིག་བྱས་པའི་འགན་སྲུང་བྱ་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ས་ཁུལ་གྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་པོ་ཁྱིམ་ཚང་ཡིན་པ་རེད། མིག་སྔར་ཞིང་འབྲོག་ས་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་པོར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས14ཡི་རྨང་གཞིའི་ཐོག་གློ་བའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན། མངལ་སྐེའི་འབྲས་སྐྲན། བྱིས་པའི་སྐྲན་ནད། (ནད་རིགས་ཀྱི་མིང་ལ་ཚད་བཀག་མེད་པ)ནད་རིགས་རྡུལ་གྲིབ་གློ་ནད་སོགས་ནད་རིགས5གསར་དུ་བསྣན་ཡོད་པ་རེད།

   མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྨན་བཅོས་དོ་དམ་ཅུས་ཀྱི་བརྟག་དཔྱད་ཞིབ་འཇུག་པ་ལིའུ་ཅན་ཧྭས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ནད་ཆེན་པོར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས་ལ་ནད་ཐོག་སྨན་བཅོས་བྱེད་ལམ་གྱི་དོ་དམ་བྱེད་པ་དང་། སྨན་བཅོས་གྲོན་དངུལ་ཚོད་འཛིན་བྱས་པའི་དུས་མཚུམས་སུ། གཞི་རྩའི་སྨན་བཅོས་འགན་ལེན་དང་ནད་ཆེན་པོ་ཉེན་འགོག་འགན་ལེན། སྨན་བཅོས་སྲོག་སྐྱོབ་བཅས་ཀྱི་ལམ་ལུགས་འབྲེད་མཐུད་འགན་སྲུང་གི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་དབུལ་པོའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་གཏོང་ཅི་ཐུབ་བྱ་རྒྱུ་ཡིན་པ་རེད། སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ཆ་རྐྱེན་འཛོམས་པའི་མི་འབོར་དབུལ་པོར་གཅིག་བསྡུས་ཀྱིས་དོ་དམ་བྱ་རྒྱུ་དང། གཅིག་འགྱུར་གྱིས་བཀོད་སྒྲིག་བྱས་ཏེ་ནད་རིགས་ལ་གཞིགས་ནས་གཅིག་བསྡུས་ཀྱིས་སྨན་བཅོས་བྱ་རྒྱུ་དེ་ལོ་འཁོར་འདིའི་ནང་སྲོག་སྐྱོབ་སྨན་བཅོས་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་དཔེ་ཚོགས་ཀྱི་བོད་ཡིག་པར་གཞི་པར་སྐྲུན་བྱས།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་འཛུགས་པ།
  • དོ་སྣང་ཆེ་བའི་རྩོམ།