བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་དཔེ་ཚོགས་ཀྱི་བོད་ཡིག་པར་གཞི་པར་སྐྲུན་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2018-07-19

      ཤེས་རྟོགས་བྱུང་བར་གཞིགས་ན། དཔའ་བོའི་སྒྲུང《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི》དཔེ་ཚོགས་ཀྱི་བོད་ཡིག་གི་པར་གཞི་དེ་སྤྱི་ཟླ7པའི་ཚེས12ཉིན་གྱི་ཁྲེན་ཏུའུ་རུ་འཚོགས་པའི་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་བརྗོད་བྱར་བྱས་པའི་འགྲེམ་སྟོན་དེ་སི་ཁྲོན་ཞིང་ཆེན་མཛེས་རྩལ་ཁང་དུ་འགྲེམ་སྟོན་བྱས་པ་རེད།

    《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི》དཔེ་ཚོགས་ཀྱི་བོད་ཡིག་པར་གཞི་དེ་གཟུགས་མེད་རིག་གནས་ཤུལ་བཞག་བརྗོད་བྱར་བྱས་པའི་འགྲེམ་སྟོན་དུ་འགྲེམ་སྟོན་བྱས་ཡོད། འགྲེམ་སྟོན་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྐོར་གྱི་འགྲེམ་སྟོན་ལ་གླིང་སྒྲུང་གི་གནའ་དཔེ་དང་ཞལ་ཐང་སོགས་ཡོད་ལ། དེ་ལས་དམིགས་བསལ་ལྟད་མོ་བ་ཀུན་གྱི་ཡིད་དབང་འཕྲོག་པ་ནི་པོད་སུམ་བརྒྱ་ཡི་བདག་ཉིད་ཅན་གྱི《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ཞེས་པའི་དཔེ་ཚོགས་དེ་ཡིན་ཞིང་། འདི་ནི་སི་ཁྲོན་དཔེ་སྐྲུན་ཚོགས་པས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལའི་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱིས་དཔེ་འཚོལ་ཕྱོགས་བསྒྲིགས་གནང་འོག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་པར་སྐྲུན་བྱས་པ་རེད།། འདི་ཉིད་ནི་ཕྱོགས་ཡོངས་དང་མ་ལག་ཚང་བའི་སྒོ་ནས་འཚོལ་བསྡུ་དང་། ཕྱོགས་བསྒྲིགས། པར་སྒྲིག པར་སྐྲུན་བཅས་བྱས་པ་ནི་སྔར་བྱུང་མ་མྱོང་བའི་རིག་གནས་ཀྱི་ལས་གཞི་ཞིག་ཡིན་ལ། ཡིག་འབྲུ་ཁྱོན་བསྡོམས་ཁྲི་བརྒྱད་སྟོང་དང་། གླིང་སྒྲུང་རིགས་སྣ་ཚོགས་སུམ་བརྒྱ་བདུན་ཅུ་ལྷག་གི་མ་དཔེ་ཕྱོགས་བསྡུས་ཀྱིས་པོད་སུམ་བརྒྱ་ལྷག་བསྒྲིགས་ནས་པར་སྐྲུན་བྱས་ཡོད་པས། མིག་སྔར་ཆེས་ཆ་ཚང་བའི《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》གི་དཔེ་མཛོད་དུ་གྲུབ་ཡོད་པ་རེད། 


  • ལེ་ཚན་སྔོན་མ།:ཉི་གཏད་དམར03རྟགས་ཅན་གྱི་ཚན་རིག་ཞིབ་འཇུག་གྲུ་གཟིངས་ཞ་མེན་ནས་གཏོང་འགོ་ཚུགས་ཏེ་ཀྲུང་གོའི་རྒྱ་མཚོ་ཆེ་མོའི་ཚན་རིག་ཞིབ་འཇུག་གི་ལས་འགན་ཐེངས50པ་བསྒྲུབ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ས་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་པོར་ཆེད་དོན་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས19ཡི་ཐོག་འཕར་སྣོན་བྱེད།
  • དོ་སྣང་ཆེ་བའི་རྩོམ།