སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཆུ་ཚད་མཐོ་རུ་བཏང་ནས་འཕེལ་རྒྱས་ཀྱི་ཐབས་ཇུས་འགོད།

        2018-07-18

ཉིན་ཤས་བསྟུད་མའི་རིང་ལ། ཁུལ་ཡོངས་ཀྱི་རིམ་པའི་སོ་སོའི་སྡེ་ཁག་གིས་བྱ་སྤྱོད་མགྱོགས་མྱུར་དུ་སྤེལ་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ཚ་ཚ་འུར་འུར་གྱིས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཁུལ་ཡོངས་ཀྱི་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱས་ཤིང་ཆུ་ཚད་མཐོར་འདེགས་བཏང་ནས་འཕེལ་རྒྱས་ཀྱི་ཐབས་ཇུས་འགོད་རྒྱུར་སྐུལ་འདེད་གཏོང་བ་རེད།

དཀར་མཛེས་རྫོང་གིས།

ཉིན་ཤས་བསྟུད་མའི་རིང་ལ། དཀར་མཛེས་རྫོང་གི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་དོན་རྒྱུས་ལོན་བྱ་རྒྱུར་དོ་སྣང་བྱས་ནས། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་མགྱོགས་མྱུར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཚ་ཚ་འུར་འུར་གྱིས་སློབ་སྦྱོང་བྱས་པ་རེད།

རྫོང་དེས་དོན་དངོས་དང་ཟུང་འབྲེལ་བྱས་ནས《ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ཏེ། སྔོན་རྗེས་སུ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱེད་པའི་ཚོགས་འདུ་འཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་བརྒྱུད་བསྒྲགས་བྱས་པ་དང་། འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་ངོས་དམ་འཛིན་ཡག་པོར་སློབ་སྦྱོང་བྱེད་པ་དང་མཉམ་དུ། ས་གནས་དང་སྡེ་ཁག་དེ་གའི་སློབ་སྦྱོང་དམ་འཛིན་ནན་ཏན་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་བྱས་པ་རེད། རྫོང་ཡོངས་ཀྱི་ཤང﹙གྲོང་རྡལ﹚དང་ལས་ཁུངས་ཚང་མས་སྒྲོག་འགྲེལ་དང་བཞུགས་མོལ། གསོ་སྦྱོང་སོགས་ཀྱི་རྣམ་པ་སྣ་ཚོགས་དང་སྐུད་ཡོད་བརྙན་འཕྲིན་དང་དྲིལ་བསྒྲགས་ལེ་ཚན། དྲིལ་བསྒྲགས་ཡིག་རིགས་སོགས་ཀྱི་རྟེན་གཞི་སྣ་ཚོགས་བརྒྱུད་ནས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་དང་སློབ་སྦྱོང་བྱེད་པ་རེད། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་མི་དམངས་ཚོགས་པས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་རྣམ་པ་དང་ཐབས་ལམ་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གཞི་རིམ་དུ་བརྒྱུད་བསྒྲགས་བྱེད་པ་རེད། མིག་སྔའི་བར་དུ། རྫོང་ཡོངས་ཀྱིས་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱེད་པའི་ཚོགས་འདུ་སྣ་ཚོགས་ཐེངས65འཚོགས་པ་དང་མང་ཚོགས་སྒྲོག་འགྲེལ་ཐེངས12བྱས་ནས་ལས་བྱེད་པ་དང་མང་ཚོགས་ཁྲི0.5ལ་ཁྱབ་པ་རེད།

ཁུལ་བསྡོམས་རྩིས་ཅུས་ཀྱིས།

ཉེ་ཆར། ཁུལ་བསྡོམས་རྩིས་ཅུས་ཀྱིས་ཅུས་དེའི་ལས་བྱེད་པ་དང་ལས་བཟོ་ཚང་མ་སྒྲིག་འཛུགས་བྱས་ནས་ཆེད་དོན་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚང་མས་གོ་བ་གཏིང་ཟབ་ལེན་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་གྱི་ལྟེ་བའི་དོན་སྙིང་འཕྱུགས་མེད་པར་ཁོང་དུ་ཆུད་པ་དང་། བསྡོམས་རྩིས་ལས་དོན་གྱི་དོན་དངོས་ལ་དམ་པོར་དམིགས་ཏེ་ངོས་འཛིན་ཇེ་དྲག་གཏང་རྒྱུའི་ཐད་ཕན་འབྲས་ཐོབ་རྒྱུར་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ཀྱི་འཆར་གཞི་བཞག་རྒྱུའི་ཐད་ལ་ཤུགས་བརྒྱབ་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་ཐད་འཇོག་རྒྱུའི་བྱས་རྗེས་ལ་བསྡོམས་རྩིས་ཀྱི་སྟོབས་ཤུགས་ཕུལ་བ་རེད།།


  • ལེ་ཚན་སྔོན་མ།:ཆུ་ལོག་སྔོན་འགོག་ཐད་ལ་ཁུལ་འགོ་ཁྲིད་རྒན་གཞོན་གྱིས་ཅི་གསུངས་སོང་།
  • ལེ་ཚན་རྗེས་མ།:ལི་ཁང་གིས་ཉག་ཆུ་རྫོང་དུ་འབྲེལ་ཡོད་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།