ཞིང་ཆེན་ཏང་ཨུའི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ།

        2018-07-17

  ཟླ་7པའི་ཚེས་12ཉིན། ཞིང་ཆེན་ཏང་ཨུའི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དེ་ཁྲེང་ཏུའུ་ནས་འཚོགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་སུ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་ལས་དོན་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། རང་རེའི་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཏེང་ཞའོ་ཀང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  ཏེང་ཞའོ་ཀང་གིས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། ཞིང་གསུམ་ལས་དོན་ནན་གྱིས་དམ་འཛིན་བྱས་ཏེ། ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དུས་བབ་སྤྱིའི་ངོས་ནས་ཇེ་ལེགས་སུ་སོང་ཡོད་ལ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།  ང་ཚོས་འདུ་ཤེས་བཞི་བརྟན་བཟུང་དང་གདེང་ཚོད་བཞི་ལ་ཤུགས་སྣོན། སེམས་ཐག་གཙང་བཅད་ཀྱིས་སྲུང་སྐྱོང་གཉིས་ལེགས་སྒྲུབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་ཡོང་བ་བྱ་དགོས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་གསུམ་ལས་དོན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བྱེད་ཐབས་དང་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་བྱ་དགོས་ཞེས་བསྟན།།


  • ལེ་ཚན་སྔོན་མ།:བྱིས་སློབ་ཁང་གི་བོད་ཡིག་སློབ་དེབ་ཐོག་མ་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་དམངས་ཕན་སྲིད་ཇུས་གཏན་འབེབ་གནང་།
  • དོ་སྣང་ཆེ་བའི་རྩོམ།