ཆུ་ལོག་སྔོན་འགོག་ཐད་ལ་ཁུལ་འགོ་ཁྲིད་རྒན་གཞོན་གྱིས་ཅི་གསུངས་སོང་།

        2018-07-16

ཆུ་ལོག་སྔོན་འགོག་ཐད་ལ་ཁུལ་འགོ་ཁྲིད་རྒན་གཞོན་གྱིས་ཅི་གསུངས་སོང་།

ཆར་ཆུ་འབེལ་བའི་དུས་སྐབས་སུ་སླེབས་པ་ནས་བཟུང་། རང་ཁུལ་གྱིས་ཆུ་ལོག་སྔོན་འགོག་དང་ཉེན་ཁ་སེལ་བ།  གནོད་སྐྱོབ་ལས་ཀ་བཅས་ལ་མཐོང་ཆེན་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་སྤྱི་བདེ་ལས་ཁུངས་སུ་གཟུགས་འཕྲིན་གྱི་ལམ་ནས་རྫོང་དང་གྲོང་ཁྱེར་ཁག་གི་ཆུ་ལོག་སྔོན་འགོག་ལས་ཀར་བཀོད་གཏོང་གནང་བའི་ཚེ། མི་རྩ་བར་འཛིན་པ་དང་ཚེ་སྲོག་ཉེན་མེད་གཙོ་བོར་བཞག་ནས་ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་ཉེན་ཁ་སེལ་བ། གནོད་སྐྱོབ་ལས་ཀ་བཅས་དོ་དོ་དན་དན་གྱིས་བསྒྲུབ་དགོས་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་བྱེད་ཐབས་དོན་ལ་གནས་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཆུ་ལོག་གིས་གནོད་པ་ཐེབས་པའི་མང་ཚོགས་ཉེན་མེད་གནས་སྤོ་ཡག་པོར་བྱས་ཏེ་སྡོད་ས་དང་ལྟོ་གོས་ལ་སེམས་ཁྲལ་མེད་པར་བྱ་དགོས། གནོད་པ་ཐེབས་ཁུལ་གྱི་གློག་དང་ལམ། ཟམ་པ། ས་གཤིས་གནོད་འཚེ་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་ཡང་བསྐྱར་ཐེབས་པར་སྔོན་འགོག་བྱ་དགོས། གནོད་སྐྱོན་ཆེན་པོ་དང་ཆུ་ལོག་ཆེན་པོ་འགོག་པའི་རྒྱུ་ཤུགས་ཐད་ཀྱི་གྲ་སྒྲིག་ཡག་པོ་བྱ་དགོས། གནོད་སྐྱོན་ཐེབས་རྗེས་ཀྱི་རིམས་འགོག་རྒྱུ་རྫས་དང་མི་སྣའི་དཔུང་སྡེ་གྲ་སྒྲིག་ཡག་པོ་བྱ་དགོས། ལམ་དང་གློག  ཆུ་ཁུངས་བཅས་ཉམས་གསོའི་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱ་དགོས། ཆུ་ལོག་གི་གནས་ཚུལ་དུས་ཐོག་ཡར་ཞུ་མགྱོགས་པོར་བྱ་དགོས།

   

ཆུ་ལོག་སྔོན་འགོག་ཐད་ལ་ཁུལ་འགོ་ཁྲིད་རྒན་གཞོན་གྱིས་ཅི་གསུངས་སོང་།


ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡུའེ་ཚའེ་ཡིས་ཆུ་ལོག་སྔོན་འགོག་དང་གནོད་པ་སེལ་བའི་ལས་ཀའི་ཐད་མཆན་བཀོད་མཛུབ་སྟོན་གནང་དོན། མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཨང་དང་པོར་བཞག་ནས་ཆུ་ལོག་གི་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་ལྷོད་མེད་བྱས་ཏེ་ཉེན་བྱོལ་ལུགས་དང་མཐུན་པ་བྱ་དགོས། རྒྱལ་མོ་རྔུལ་ཆུའི་རྒྱུད་ངོགས་ཀྱི་ཆུ་རགས་དང་གྲོང་ཁུལ་གྱི་ཆུ་རགས་ལ་ཉིན་མཚན་མེད་པར་ལྟ་སྲུང་བྱ་དགོས། ཆུ་ལོག་གི་གནས་ཚུལ་བསྡུ་གསོག་དང་དངོས་རྫས་གྲབས་གསོག  འགྲིམ་འགྲུལ་དང་འཕྲིན་གཏོང་ཐོགས་པ་མེད་པ་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་ཅིང་འཕྲལ་བསྟུན་མྱུར་སྐྱོབ་ལས་ཀ་སྒྲིག་འཛུགས་ཡག་པོ་བྱ་དགོས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགན་སྲུང་བྱེད་ཅིང་སྤྱི་ཚོགས་བརྟན་བརླིང་ལས་ཀ་ཡག་པོ་བསྒྲུབས་ཏེ་ཆར་ཆུ་འབེལ་བའི་དུས་ཚིགས་ཉེན་མེད་ངང་བརྒལ་ཐུབ་པར་བྱ་དགོས།།

༼རྩོམ་སྒྲིག་པ། མགར་རྒྱལ་སྲས།༽

ཆུ་ལོག་སྔོན་འགོག་ཐད་ལ་ཁུལ་འགོ་ཁྲིད་རྒན་གཞོན་གྱིས་ཅི་གསུངས་སོང་།

  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཆུ་ཚད་མཐོ་རུ་བཏང་ནས་འཕེལ་རྒྱས་ཀྱི་ཐབས་ཇུས་འགོད།
  • དོ་སྣང་ཆེ་བའི་རྩོམ།