ལིའུ་ཁྲེང་མིང་གིས་རྟའུ་དང་བྲག་མགོ གསེར་ཐར་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་གྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་དགོས་ཞེས་གསུངས

བདེ་སྐྱིད་ཀྱིས་བསྒྱུར།        2018-07-16

     སྤྱི་ཟླ7པའི་ཚེས9ནས་ཚེས10ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་རྟའུ་དང་བྲག་འགོ གསེར་ཐར་རྫོང་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་དང་ལས་ཀར་མཛུབ་སྟོན་གནང་བ་རེད།

     ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕེན་ཆིང་ཧྭ་རང་ཁུལ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་སྐབས་གནང་བའི་གལ་ཆེ་བའི་མཛུབ་སྟོན་གྱི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་དང་རང་ངོས་གནད་ཐིག་གཏན་འཁེལ་བྱས་ནས་མ་སྐུལ་དང་བླངས་ཀྱིས་ས་ཁོངས་འཕེལ་རྒྱས་ཀྱི་ཆགས་ཚུལ་གསར་མཉམ་འདྲེས་བྱས་པར་བརྟེན། སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོའི་བྱེད་སྒོར་སྐུལ་འདེད་ཟབ་མོ་གཏོང་བ། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་བསྐྲུན་རྒྱུ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་རྒྱུ་བཅས་ལ་ཤུགས་བརྒྱབ་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བར་བརྟེན། སི་ཁྲོན་བཅོས་སྐྱོང་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པའི་བྱས་རྗེས་ལ་དཀར་མཛེས་ཁུལ་གྱི་ནུས་ཤུགས་འབུལ་དགོས།

    ལིའུ་ཁྲེང་མིང་སྔོན་རྗེས་སུ་བྲག་འགོ་རྫོང་སིབ་མོ་གྲོང་རྡལ་གྱི་བ་བཏག་གྲོང་སྡེའི་པད་ཁ་འདེབས་འཛུགས་རྟེན་གཞིའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་དང་། གསེར་ཐར་རྫོང་གསེར་ཁོག་གྲོང་རྡལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱ་ཡུལ་གྱི་དབུལ་ཐར་འགག་སྒྲོལ་ལས་དོན། གསེར་ཐར་རྫོང་རྣུབ་གཟུར་གྲོང་རྡལ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་བྱས་ཚུལ་གྱི་ལས་དོན། རྟའུ་རྫོང་མ་ཟུར་ཤང་ནོར་བ་གྲོང་སྡེའི་ཁམ་བུའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ལ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་པ་རེད།

      ལིའུ་ཁྲེང་མིང་གིས་རྟའུ་དང་བྲག་འགོ གསེར་ཐར་རྫོང་གསུམ་གྱི་ཐོན་ལས་གོང་འཕེལ་དང་གནས་སྤོ་དབུལ་སྐྱོར། ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན། འདམ་རའི་གླིང་ག་གཏོད་རྒྱུ་སོགས་ཐད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ལིའུ་ཁྲེང་མིང་གིས་གསེར་ཐར་རྫོང་བླ་རུང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དུ་བཞུགས་མོལ་ཚོགས་འདུའི་གཙོ་འགན་བཞེས་ནས་གསེར་ཐར་རྫོང་ཨུ་དང་བླ་རུང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་། ལྔ་རིག་ནང་བསྟན་སློབ་གླིང་གི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པར་གསན་འཇོག་གནང་བ་རེད།

ལིའུ་ཁྲེང་མིང་གིས་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ད་དུང་རྫོང་སོ་སོས་འབྲུབ་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཐུགས་རེ་གནང་བ་རེད། ཁོང་གིས་མིག་སྔར་རང་ཁུལ་གྱི་ས་ཁུལ་མང་ཆེ་བར་ཆར་ཆུ་འབེལ་བའི་དུས་རིམ་དུ་སླེབས་ཡོད་པས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཚེ་སྲོག་བླ་མེད་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས། གནམ་གཤིས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་ལས་རེས་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་བརྡ་དང་དུས་ཐོག་ཏུ་ཉེན་ཟོན་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་བརྟེན། འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་དགེ་བསྙེན་གནས་རིའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དོ་དམ་གྱི་གྲ་སྒྲིག་ཚོ་ཆུང་གི་ལས་དོན་སྙན་ཞུ་ལ་གསན་འཇོག་གནང་།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་སྔོན་དུ་རང་ཁུལ་གྱི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ཡོངས་སུ་ཁེབས་ཐུབ་པ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།