ཞའོ་ཡིའུ་ཚའེ་ཡིས་དགེ་བསྙེན་གནས་རིའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དོ་དམ་གྱི་གྲ་སྒྲིག་ཚོ་ཆུང་གི་ལས་དོན་སྙན་ཞུ་ལ་གསན་འཇོག་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2018-07-16

    སྤྱི་ཟླ7པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ལི་ཐང་རྫོང་དུ་དགེ་བསྙེན་གནས་རིའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དོ་དམ་གྱི་གྲ་སྒྲིག་ཚོ་ཆུང་གི་ལས་དོན་སྙན་ཞུ་ལ་ཆེད་དོན་དུ་གསན་འཇོག་གནང་བ་དང་། ཕྱིན་ཆད་ཀྱི་ལས་ཀ་ཞིབ་འཇུག་བཀོད་སྒྲིག་བྱེད་པར་མ་ཟད་གྲ་སྒྲིག་ཚོ་ཆུང་གི་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་འཚམས་འདྲི་གནང་བ་རེད།

    ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། དགེ་བསྙེན་གནས་རིའི་མཛེས་ལྗོངས་ཁུལ་གསར་སྦོལ་འཛུགས་སྐྲུན་བྱེད་པ་ནི་ཁུལ་ཡོངས་ཀྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བར་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ཡོད་པ་དང་། མ་འོངས་པར་རང་ཁུལ་ལྷོ་རྒྱུད་ས་ཁུལ་གྱིས་ཡུལ་སྐོར་ཐོན་ལས་འཛུགས་སྐྱོང་བྱ་རྒྱུའི་ཐད་མངོན་གསལ་གྱི་ཁྱབ་རྒྱ་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ངེས་རེད། མཛེས་ལྗོངས་ཁུལ་འཛུགས་སྐྲུན་དོ་དམ་གྱི་གྲ་སྒྲིག་ཚོ་ཆུང་གིས་མཛེས་ལྗོངས་ཁུལ་གྱི་ཕྱོགས་བཞིའི་ས་མཚམས་དང་ལྟེ་བའི་མཛེས་ལྗོངས་ཁུལ། ཕྱིའི་མཐའ་སྐོར་གྱི་མཛེས་ལྗོངས་ཁུལ་ཁྱབ་ཁོངས་བཅས་མགྱོགས་མྱུར་དུ་གསལ་པོ་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ལེགས་སྒྲིག་བྱས་ནས་མཛེས་ལྗོངས་ཁུལ་གསར་སྦོལ་འཛུགས་སྐྲུན་བྱེད་པར་རྨང་གཞི་ཡག་པོ་འདིང་དགོས། འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཚོ་ལའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དུས་རིམ་གཉིས་པའི་འཆར་འགོད་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏང་དགོས། སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཆར་འགོད་དང་དགེ་བསྙེན་གནས་རིའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་གཞི་བཟོས་དགོས། ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་སོགས་ཀྱི་ཁྲིམས་བཀོད་ཀྱི་འཆར་གཞི་བཟོས་འགོད་ཀྱི་ལས་ཀ་བསྒྲུབས་ནས་ལས་གཞི་ངེས་གནས་གནད་འཕིགས་དང་བྱེད་ལས་འཐུས་ཚང་། བཀོད་སྒྲིག་བྱས་ཚུལ་གནས་བབ་དང་མཐུན་པ་བྱ་རྒྱུར་འགན་ལེན་བྱ་དགོས། ཚོང་འགུགས་དངུལ་འདྲེན་གྱི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མ་དངུལ་བཏང་ནས་གསར་འབྱེད་ཁེ་ལས་ཆེ་གྲས་ནང་འདྲེན་བྱས་ནས་ས་ཁོངས་དང་གོ་རིམ་བགོས་ནས་ཕྱོགས་ཡོངས་ནས་གསར་གཏོད་བྱ་དགོས། ཞའོ་ཡིའུ་ཚའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཆར་འགོད་བཟོ་རྒྱུ་དང་ལས་གཞིར་སྐུལ་འདེད་གཏང་རྒྱུའི་ཐད་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་ཡིན་ལ། མཛེས་ལྗོངས་ཁུལ་གྲ་སྒྲིག་ཚོ་ཆུང་གིས་འགན་འཁྲི་ཏན་ཏིག་འཁུར་ནས་མཐའ་སྐོར་གྱི་རྫོང་དང་འབྲེལ་ཡོད་སྡེ་ཚན་དང་ཤུགས་སྒྲིལ་མཉམ་སྒྲུབ་བྱས་ནས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་རྒྱ་སྐྱེད་སྟོབས་ཆེ་རུ་གཏང་དགོས་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གདོང་དྲུག་གྲོང་སྡེས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་རྟའུ་དང་བྲག་མགོ གསེར་ཐར་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་གྱིས
  • དོ་སྣང་ཆེ་བའི་རྩོམ།