བོད་ལྗོངས་པ་སྣམ་རྫོང་གིས་སྤྱིལ་ཁང་ཆེན་པོའི་སྔོ་ཚལ་ཐོན་ལས་ལྡུམ་ར་མུའུ་ཁྲི་བསྐྲུན་རྒྱུ་ཡིན་པ།

ཡེ་ཤེས་ཀྱིས་བསྒྱུར།        2018-07-12

   ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ7པའི་ཚེས1ཉིན་འབྱོར་བའི་གཏམ་གསར། བོད་ལྗོངས་ཀྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཆེས་ཆེ་བ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར15.86བཏང་སྟེ་སྤྱིལ་ཁང་ཆེན་པོའི་སྔོ་ཚལ་ཐོན་ལས་ལྡུམ་ར་མུའུ་ཁྲི་བསྐྲུན་རྒྱུའི་འཆར་གཞི་བཞག་ཡོད་ཅིང་། སྔོན་དཔག་བྱས་ན2020ལོར་སླེབས་སྐབས་སྔོ་ཚལ་གྱི་ཐོན་ཚད་རྒྱ་མ་དུང་ཕྱུར5ལྷག་ལས་བརྒལ་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱུང་ནས་མཐོ་སྒང་གི་མི་ཚོས་སྔོ་ཚལ་བཟའ་རྒྱུར་སྔར་བས་འགན་སྲུང་བྱེད་ཐུབ་པ་རེད།

   པ་སྣམ་རྫོང་གི་སྤྱིལ་ཁང་ཆེན་པོའི་ནང་སྔོ་ཚལ་འདེབས་འཛུགས་བྱ་རྒྱུ་ལ1998ལོར་ཧྲན་ཏུང་གིས་བོད་སྐྱོར་ལས་གྲྭའི་ཚོད་འདེབས་བྱས་པ་ནས་བཟུང་། ལོ20འི་རིང་ལ་འཕེལ་རྒྱས་བཏང་བར་བརྒྱུད། མིག་སྔར་རྫོང་ཡོངས་སུ་སྔོ་ཚལ་འདེབས་ཁྱོན་མུའུ6000ཡི་ཐོག་འཕར་བ་དང་། སྤྱིལ་ཁང་ཆེན་པོའི་གྲངས་ཀ5428ལ་ཟིན་པའི་དུས་མཚུངས་སུ། ཐར་ཐོར་དུ་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་མུའུ2250ཡོད་པ་རེད། སྔོ་ཚལ་དང་ཤིང་ཏོག་གི་རིགས136དང་སྤྱི་གནོད་མེད་པའི་དཔང་དངོས་བདེན་པ་ཡིན་པའི་སྔོ་ཚལ19འདེབས་འཛུགས་བྱས་ཏེ་ལོ་འཁོར་གཅིག་ལ་ཐོན་ཚད་རྒྱ་མ་ཁྲི8284ལ་ཟིན་པས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.6ལ་ཟིན་པ་རེད།

   ཉེ་ཆར། པ་སྣམ་རྫོང་གིས་བཏོན་པའི《པ་སྣམ་གྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད》ཀྱི་ནང་མྱང་ཆུ་འབབ་རྒྱུད་དུ་སྤྱིལ་ཁང་ཆེན་པོའི་སྔོ་ཚལ་འདེབས་འཛུགས་བྱེད་སའི་རྟེན་གཞི་གཙོ་བོ་བྱས་ཏེ་གསར་གཏོད་དཔེ་སྟོན་ལྟེ་གནས་དང་། ལྟེ་བའི་ཁུལ2 སྔོ་ཚལ་གྱི་འདེབས་འཛུགས་ཤང་དང་གྲོང་རྡལ6 ཆེད་ལས་མཉམ་ལས་ཁང26སོགས་སུ་ཁྱབ་ཐུབ་པ་བྱ་རྒྱུ་དང་། སྤྱིའི་འདེབས་ཁྱོན་མུའུ་ཁྲི2ལ་ཟིན་ཐུབ་པ་བྱ་རྒྱུ་དང་། དེའི་ནང་སྤྱིལ་ཆེན་མོའི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི1ལྷག་ལ་ཁྱབ་ཐུབ་པ་བྱ་རྒྱུ་བཅས་རེད།། 


  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་ཚགས་ཤའི་ཐོན་ལས་ལས་སྣོན་ཞིབ་ཚགས་སུ་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཞིང་སྡེའི་སློབ་མའི་འཚོ་བཅུད་བཟའ་བཅའ་ཞིང་ཆེན29ལ་ཁྱབ་ནས་མི་ཁྲི3700ལ་ཕན་པ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།