ལི་ཐང་རྫོང་གདོང་དྲུག་གྲོང་སྡེས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས།

ཡེ་ཤེས་ཀྱིས་བྲིས།        2018-07-11

   ཉེ་ཆར། ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་དྲུག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་སྡེ་ཡོངས་ཀྱི་གྲོང་མིའི་འཐུས་ཚབ་སྒྲིག་འཛུགས་བྱས་ཏེ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད་པའི་གྲོས་ཚོགས་འཚོགས་པ་རེད།

   གྲོས་ཚོགས་ཐོག་གྲོང་ཚོར་བཅའ་སྡོད་བྱེད་མཁན་ལས་བྱེད་པ་བཀྲ་ཤིས་ཆོས་འཕེལ་གྱིས་བོད་སྐད་ཐོག་ནས་སྔོན་ཆད་དང་ད་ལྟའི་གནས་ཚུལ་བསྡུར་བ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཡུལ་གསར་པ་སྒྲོག་འགྲེལ་བྱེད་སྐབས། གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེ་བཞིན་དྲངས་ནས་གསེད་འགྲེལ་བྱས་པ་རེད། གདོང་དྲུག་གྲོང་སྡེའི་ཏང་ནང་ཞུགས་ནས་ལོ་ངོ32སོང་བའི་བསོད་ནམས་ལྷ་མོས་མང་ཚོགས་ཀྱིས་འཚོ་བ་ཡག་པོ་འདི་འདྲ་ཞིག་རོལ་ཐུབ་པ་དེ་ཚང་མ་ནི་ཏང་གི་འགོ་ཁྲིད་བཟང་པོ་དང་སྲིད་ཇུས་བཟང་པོར་རག་ལས་ཤིང་། ཞིང་ཆེན་ཏང་ཨུས་གཏན་འབེབས་བྱས་པའི་ཐབས་ཇུས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་ནི་བོད་ཁུལ་གྱི་མི་སེར་ཚོར་ཕན་ཐོགས་ཡོད་པ་ཤ་སྟག་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་འདུའི་ནང་གི་གསུང་བཤད་མང་པོ་ང་ཚོ་དང་འབྲེལ་བ་ཟབ་མོ་ཡོད་པ་དང་ང་ཚོར་སྐྱིད་སྣང་སྟེར་ཡོད་པས། ང་ཚོས་འབྱུང་འགྱུར་གྱི་འཚོ་བ་དེ་བས་སྐྱིད་པོ་ཡོང་རྒྱུའི་ཡིད་ཆེས་ང་ལ་ཡོད་ཅེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་ཆུ་འབྲུབ་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་ཐད་ཞིབ་བཤེར་ཆེན་པོ་བྱས།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་དགེ་བསྙེན་གནས་རིའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དོ་དམ་གྱི་གྲ་སྒྲིག་ཚོ་ཆུང་གི་ལས་དོན་སྙན་ཞུ་ལ་གསན་འཇོག་གནང་།
  • དོ་སྣང་ཆེ་བའི་རྩོམ།