རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས2018ལོའི་གྲོས་ཚོགས་ཐེངས6པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-07-09

    ཉེ་ཆར། ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས2018ལོའི་གྲོས་ཚོགས་ཐེངས6པ་དེ་དར་མདོར་འཚོགས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་འགན་བཞེས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གྲོས་ཚོགས་ནང་ཞུགས་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་དབུལ་ཐར་འགག་སྒྲོལ་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། དབུལ་ཐར་འགག་སྒྲོལ་ལས་ཀའི་ལོ་གསུམ་གྱི་བྱ་སྤྱོད་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་པ་དང་། ལོ་སྟོད་དུ་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་ཚུལ་བརྡ་ཁྱབ་བཏང་བ་དང་། ཕྱིན་ཆད་ཀྱི་དབུལ་ཐར་འགག་སྒྲོལ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ནི་མིག་སྔའི་དོན་ཆེན་ཨང་དང་པོ་ཡིན་པས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཅིག་ནི་ཆབ་སྲིད་ཀྱི་གནས་ཕྱོགས་ཇེ་དྲག་ཏུ་བཏང་ནས། ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྦོལ་འཐབ་ཇུས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ་ཏན་ཏིག་གིས་འགན་འཁྲི་ཁུར་སེམས་ཆེ་རུ་གཏང་དགོས་པ་དང་། གཉིས་ནི་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་བཅངས་ནས་དབུལ་ཐར་འགག་སྒྲོལ་ལས་དོན་ཐད་འཕྲད་པའི་གནས་བབ་གནད་དུ་འཁེལ་བ་ཁོང་དུ་ཆུད་དགོས། གསུམ་ནི་གནད་དོན་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ནང་གནས་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཏན་ཏིག་གིས་ཞིབ་བཤེར་ཐག་གཅོད་དང་དག་ཐེར་ཡོ་བསྲང་བྱ་དགོས། བཞི་ནི་ཐོན་ལས་འབབ་འཕར་བྱ་རྒྱུར་དམ་པོར་དམིགས་ནས་རང་ཁུལ་གྱི་མཐོ་སྒང་གི་ཁྱད་འཕགས་ཀྱི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་གང་མགྱོགས་བྱེད་འགོ་འཛུགས་དགོས། ལྔ་ནི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དམངས་འཚོའི་དོན་དངོས་དམིགས་བསལ་དུ་དམ་འཛིན་ཡག་པོ་བྱ་དགོས། དྲུག་ནི་འགག་སྒྲོལ་གྱི་སྟོབས་ཤུགས་ལེགས་སུ་བཏང་བ་དང་དམག་ཤུགས་གཅིག་ཏུ་བསྡུས་ནས་ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་དགོས། བདུན་ནི་མི་སྣ་གཅིག་གྱུར་འཆར་འགོད་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱ་དགོས། བརྒྱད་ནི་འགག་སྒྲོལ་གྱི་འགན་འཁྲི་དམ་འཛིན་བྱས་ནས་དབུལ་ཐར་འགག་སྒྲོལ་གནད་སྨིན་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་རྒྱུའི་འགན་འཁྲིའི་མ་ལག་བརྟན་པོ་འཛུགས་དགོས། དགུ་ནི་ལྟ་ཞིབ་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ནས་དཔྱད་ཞིབ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར། ལགན་འཁྲི་བཅས་དབུལ་ཐར་འགག་སྒྲོལ་གྱི་གོ་རིམ་ཡོངས་དང་གནད་འཁེལ་སོ་སོའི་ནང་བདའ་འདེད་ཁྱབ་པར་བྱ་དགོས།

    ཚོགས་འདུའི་ཐོག་ད་དུང《དཀར་མཛེས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་དོ་དམ་བྱེད་ཐབས》དང《དཀར་མཛེས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གནད་སྨིན་ཡག་པོ་བྱ་རྒྱུའི་སྐོར་གྱི་ཁུལ་དང་རྫོང﹙གྲོང་ཁྱེར﹚རིམ་པ་གཉིས་ཀྱི་དབུལ་སྐྱོར་ལས་བྱེད་པ་རེས་སྐོར་སྦྱོང་བརྡར་ཆེན་པོ﹙2018ལོ་ནས2020ལོའི་བར﹚ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱེད་པ་རེད།།


  • ལེ་ཚན་སྔོན་མ།:བོད་ཕག་གསོས་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད།
  • ལེ་ཚན་རྗེས་མ།:ཁམས་པའི་རིག་གནས་དངོས་མང་ལྟེ་གནས་ལྡུམ་ར་གཉེར་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།