འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར་མ་འཐེན་སྟངས།

        2018-06-26

དང་པོ། འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར1འཐེན་པའི་སྒྲིག་འགལ་བྱ་སྤྱོད།

1 རླངས་འཁོར་གཏོང་བར་གཏན་འཁེལ་ལྟར་གློག་འོད་བེད་སྤྱོད་མི་བྱེད་པར་སྐར1འཐེན་པ།
2 རླངས་འཁོར་གཏོང་བར་གཏན་འཁེལ་ལྟར་རླངས་འཁོར་གཞན་དང་མི་བརྒལ་བར་སྐར1འཐེན་པ།
3 རླངས་འཁོར་གཏོང་བར་དངོས་ཟོག་རིང་ཚད་དང་ཞེང་ཚད། མཐོ་ཚད་སོགས་གཏན་འཁེལ་ལས་བརྒལ་བར་སྐར1འཐེན་པ།
4 གཞུང་ལམ་ཐོག་སྐྱོད་པའི་རླངས་འཁོར་ལ་ཞིབ་བཤེར་ཚད་མཐུན་མཚོན་རྟགས་དང་འགན་སྲུང་མཚོན་རྟགས་བཞག་མེད་པ་དང་རླངས་འཁོར་དང་འབྲེལ་བའི་འགྲོ་སྐྱོད་ཆོག་པའི་སྐོར་སྐྱོད་འཛིན་ཡིག་དང་ཁ་ལོ་བའི་འཛིན་ཡིག་ལག་དུ་བཟུང་མེད་པར་སྐར1འཐེན་པ།

གཉིས་པ། འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར2འཐེན་པའི་སྒྲིག་འགལ་བྱ་སྤྱོད།

1 རླངས་འཁོར་བསྣོལ་མའི་ལམ་མདོ་རུ་ཐོན་དུས་གཏན་འཁེལ་ལྟར་མི་སྐྱོད་པ་དང་མི་འདུག་པར་སྐར2འཐེན་པ།
2 རླངས་འཁོར་གཏོང་པའི་དུས་སུ་ཁ་པར་བཏང་བ་དང་ཁ་པར་ལེན་པ་སོགས་བདེ་འཇགས་གི་རླངས་འཁོར་བསྐོར་བར་གནོད་སྐྱོན་ཡོད་པར་སྐར2འཐེན་པ།
3 སྦག་སྦག་འཁོར་ལོ་ཞོན་དུས་བདེ་འཇགས་ཞྭ་མོ་མི་གྱོན་པར་སྐར2འཐེན་པ།
4 རླངས་འཁོར་ལ་འདུག་སྐབས་སྐྱོབ་ཐག་མཉེན་སྲུང་སྒྲོག་ཐག་མི་བཅིངས་པར་སྐར2འཐེན་པ།
5 གཞུང་ལམ་སྟེང་སྐྱོད་དུས་རླངས་འཁོར་གཞན་གྱི་བར་དུ་འཚང་བར་སྐར2འཐེན་པ།
6 གཏན་འཁེལ་ལྟར་སློབ་འཁོར་ལ་བདེ་འཇགས་ཀྱི་སྒྲིག་ཆས་བཀོད་སྒྲིག་མི་བྱེད་པའམ་ཡང་ན་གཏན་འཁེལ་ལྟར་སློབ་འཁོར་ལ་བདེ་འཇགས་སྲུང་སྐྱོབ་མི་བྱེད་པར་སྐར2འཐེན་པ།
7 སློབ་འཁོར་བསྐོར་ནས་སློབ་མ་སྐྱེལ་འདྲེན་བྱེད་པའི་སྐབས་སུ་གཏན་འཁེལ་ལྟར་སློབ་འཁོར་གྱི་རྟགས་བྱང་མི་འཇོག་པ། སློབ་འཁོར་མཚོན་རྟགས་གློག་སྒོ་གི་ཁ་མི་འབྱེད་པ། ཡང་ན་ཞིབ་བཤེར་བྱས་ཟིན་པའི་ལམ་ཐིག་དད་ནས་མི་སྐྱོད་པར་སྐར་2འཐེན་པ།
8 སློབ་འཁོར་ལས་སློབ་མ་ཡར་འབུད་མར་འབབ་སྐབས་སུ་གཏན་འཁེལ་ལྟར་སློབ་འཁོར་སྡོད་གནས་སུ་མི་འདུག་པར་སྐར2འཐེན་པ།
9 སློབ་འཁོར་ལས་སློབ་མ་མེད་བཞིན་དུ་གཞུང་ལམ་ཐོག་སྐྱོད་པ་དང་ཡང་ན་སློབ་འཁོར་གྱི་སྒོ་བྱང་། སློབ་འཁོར་མཚོན་རྟགས་གློག རླངས་འཁོར་ཁ་བཀག་སྟོན་བྱེད་ཀྱི་མཚོན་རྟགས་བེད་སྤྱོད་བྱེད་པར་སྐར2འཐེན་པ།
10 སློབ་འཁོར་གཞུང་ལམ་ཐོག་མ་སྐྱོད་པའི་སྔོན་ལ་སློབ་འཁོར་གནས་ཚུལ་བདེ་འཇགས་ལག་རྩལ་གྱི་བླང་བྱར་གཞིགས་ནས་ཞིབ་བཤེར་བྱས་པ་དང་མཐུན་པོ་ཡོད་མེད་ལ་མ་བལྟས་པ་དང་ཡང་ན་མངོན་མེད་རྐྱེན་ངན་ཡོད་པའི་སློབ་འཁོར་བསྐོར་ནས་གཞུང་ལམ་ཐོག་སྐྱོད་པར་སྐར2འཐེན་པ།
11 སློབ་འཁོར་ནང་དུ་སློབ་མ་སྡོད་པའི་སྐབས་སུ་སློབ་འཁོར་ལ་སྣུམ་སྣོན་པ་དང་ཡང་ན་སློབ་འཁོར་གྱི་གློག་འགུལ་འཕྲུལ་ཆས་ཀྱི་གློག་སྒོ་མ་རྒྱབ་སྔོན་ལ་ཁ་ལོ་བའི་སྡོན་གནས་ནས་ཁ་བྲལ་བར་སྐར2འཐེན་པ།

གསུམ་པ། འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར3འཐེན་པའི་སྒྲིག་འགལ་བྱ་སྤྱོད།

1 མྱུར་བགྲོད་གཞུང་ལམ་དང་ཡང་ན་གྲོང་ཁྱེར་མྱུར་ལམ་སྟེང་རླངས་འཁོར་སྐྱོད་པར་གཏན་འཁེལ་ལྟར་འཁོར་ལམ་དུ་མི་འགྲོ་པར་སྐར3འཐེན་པ།
2 མྱུར་ཚད་ལས་བརྒལ་བ་དང་བརྒྱ་ཆའི་20ལ་ཐོན་མེད་པར་སྐར3འཐེན་པ།
3 རླངས་འཁོར་གཏོང་བར་མི་བགྲོད་འཕྲེད་ལམ་ལ་ཐོན་སྐབས་སུ་གཏན་འཁེལ་ལྟར་དལ་བར་མི་གཏོང་བའམ་ཡང་ན་རླངས་འཁོར་གཏོངས་མཚམས་བཞག་ནས་མི་སྔོན་ལ་འགྲོ་རུ་མ་བྱས་པར་སྐར3འཐེན་པ། (སྔོན་གྱི་སྐར2འཐེན་པ་ལས་བཅོས་བསྒྱུར་བྱས་ཏེ་སྐར3འཐེན་པ།)
4 འགྲུལ་སྐྱེལ་རླངས་འཁོར(སྤྱི་སྤྱོད་རླངས་འཁོར་ཕུད)དང་སློབ་འཁོར་ལས་གཞན་འགྲུལ་སྐྱེལ་རླངས་འཁོར་གྱི་འགྲུལ་བའི་ཤོང་ཚད་ལས་བརྒལ་ཡང་བརྒྱ་ཆའི20ལ་ཐོན་མེད་པར་སྐར3འཐེན་པ།
5 ཟོག་འདྲེན་རླངས་འཁོར་གྱི་དངོས་ཟོག་འགེལ་ཚད་གཏན་འཁེལ་ལས་བརྒལ་ཡང་བརྒྱ་ཆའི་30ལ་ཐོན་མེད་པར་སྐར་3འཐེན་པ།
6 རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས་ཆེ་དམའ་བའི་གཏེན་འཁེལ་གྱི་མྱུར་ཚད་ལས་དལ་བར་སྐྱོད་པར་སྐར3འཐེན་པ།
7 མྱུར་བགྲོད་གཞུང་ལམ་སྟེང་བཀག་སྡོམ་བྱས་ཡོད་སར་ནས་བགྲོད་ལམ་སྟེང་ཞུགས་པར་སྐར3འཐེན་པ།
8 བཀག་རྒྱའི་མཚོན་རྟགས་དང་བཀག་སྡོམ་ཐིགས་རྟགས་མཛུབ་སྟོན་ལས་འགལ་བར་སྐར་3འཐེན་པ།
9 རླངས་འཁོར་སྔོན་མ་ལས་བརྒལ་བར་གཏན་འཁེལ་ལྟར་མི་བརྒལ་བ་དང་། ལམ་གྱི་ལྡོག་ཕྱོགས་སུ་སྐྱོད་པར་སྐར་3འཐེན་པ།
10 འདྲུད་འཐེན་འཁོར་ལོའི་གཏན་འཁེལ་ལས་འགལ་བར་སྐར3འཐེན་པ།
11 གཞུང་ལམ་སྟེང་རླངས་འཁོར་ལ་ཆག་སྐྱོན་དང་དོན་རྐྱེན་བྱུང་རྗེས་གཏན་འཁེལ་ལྟར་གློག་འོད་བེད་སྤྱོད་མི་བྱེད་པ་དང་ཉེན་བརྡའི་རྟགས་མཚན་མི་འཇོག་པར་སྐར3འཐེན་པ།
12 གཏན་འཁེལ་ལྟར་དུས་ཚོད་གཏན་འཁེལ་ནང་བཞིན་རླངས་འཁོར་ལ་ལག་རྩལ་ཞིབ་བཤེར་མི་བྱེད་པར་སྐར3འཐེན་པ།

བཞི་བ། འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར6འཐེན་པའི་སྒྲིག་འགལ་བྱ་སྤྱོད།

1 རླངས་འཁོར་གཏོང་དུས་བགྲོད་ལམ་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་གྱི་སྒྲིག་སྲོལ་བརྩི་སྲུང་མ་བྱས་པར་སྐར་6འཐེན་པ།
2 དངོས་སྐྱེལ་རླངས་འཁོར་གྱིའི་དངོས་བོ་ཤོང་ཚད་ལས་བརྒལ་བར་སྐར6འཐེན་པ།
3 ལས་གཉེར་སྐྱེལ་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་ཡང་བརྒྱ་ཆའི20ལས་བརྒལ་མེད་པར་སྐར6འཐེན་པ།
4 མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་གཏོང་བར་མྱུར་ཚད་ལས་བརྒལ་ཡང་བརྒྱ་ཆའི20ལས་བརྒལ་མེད་པར་སྐར6འཐེན་པ།
5 སྤྱིར་བཏང་གི་གཞུང་ལམ་སྟེང་རླངས་འཁོར་གཏོང་བར་མྱུར་ཚད་བརྒྱ་ཆའི20ལས་བརྒལ་བར་སྐར6འཐེན་པ།
6 རླངས་འཁོར་གཏོང་བའི་སྐབས་སུ་གཏན་འཁེལ་ལྟར་སློབ་འཁོར་ལ་གཡོལ་ཐབས་བྱས་ནས་སློབ་འཁོར་སྔོན་དུ་འགྲོ་རུ་མ་བྱས་པར་སྐར6འཐེན་པ།
7 གནམ་གཤིས་ཆ་རྐྱེན་ཞན་པས་མིག་གི་མཐོང་ཐུབ་པའི་རྒྱང་ཚད་དམའ་ཡང་དུས་སྐབས་སུ་རླངས་འཁོར་གཏོང་བར་མྱུར་བགྲོད་གཞུང་ལམ་སྟེང་གི་གཏན་འཁེལ་ལྟར་ལམ་དུ་མི་སྐྱོད་པར་སྐར་6འཐེན་པ།
8 ཁ་ལོ་བའི་འཛིན་ཡིག་གནས་སྐབས་བཀག་ཉར་བྱ་ཡོད་པའི་སྐབས་སུ་རླངས་འཁོར་བསྐོར་བར་སྐར6འཐེན་པ།
9 འགྲུལ་སྐྱེལ་རླངས་འཁོར་མ་ཡིན་པའི་རླངས་འཁོར་གཞན་མྱུར་བགྲོད་གཞུང་ལམ་སྟེང་སྐྱོད་དུས་འཁོར་ལམ་དུ་རླངས་འཁོར་གཏོང་མཚམས་བཞག་པར་སྐར6འཐེན་པ།
10 མྱུར་སྐྱོབ་འཁོར་ལམ་ཉར་སྤྱོད་བྱེད་པར་སྐར་6འཐེན་པ།
11 དམིགས་བསལ་གྱི་དངོས་པོ་སྐྱེལ་འདྲེན་བྱེད་དུས་དེ་དང་མཐུན་པའི་ཉེན་བརྡའི་རྟགས་མཚན་བཀལ་མེད་པར་སྐར6འཐེན་པ།
12 ཉེན་ཁ་ཅན་གྱི་དངོས་རིགས་སྐྱེལ་འདྲེན་བྱེད་དུས་གཏན་འཁེལ་ལྟར་དུས་ཚོད་དང་ལམ་ཐིག མྱུར་ཚད་ལྟར་མི་བགྲོད་པར་སྐར6འཐེན་པ།
13 སྦས་སྐུང་དང་སླུ་བྲིད་འོག་ནས་ཁ་ལོ་བའི་འཛིན་ཡིག་གསབ་ལེན་བྱེད་པར་སྐར་6འཐེན་པ།
14 འབྲིང་རིགས་ཡན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཉེན་ཁ་ཅན་གྱི་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་མ་ཡིན་པའི་རླངས་འཁོར་གཞན་སྐྱོད་པར་དུས་ཚོད4ལས་བརྒལ་ན་ཡང་རླངས་འཁོར་གཏོང་མཚམས་བཞག་ནས་ངལ་གསོ་མི་བྱེད་པ་དང་། ཡང་ན་ངལ་གསོ་བྱས་རུང་ངལ་གསོའི་དུས་ཚོད་སྐར་མ20ལས་ཉུང་བར་སྐར6འཐེན་པ།

ལྔ་བ། ཁ་ལོ་བའི་འཛིན་ཡིག་ལས་སྐར་མ་འཐེན་སྟེང་ཚད་གཞི་ཀུན་འདུས་ལས་སྐར12།

གཅིག ཁྲིམས་འགལ་བྱ་སྤྱོད།
1 སློབ་འཁོར་རྟགས་བྱང་རྫུན་བཟོ་དང་སྒྱུར་བཟོ་བྱས་དེ་བེད་སྤྱོད་བྱེད་པར་སྐར12འཐེན་པ།
2 སློབ་འཁོར་མིའི་ཤོང་ཚད་བརྒྱ་ཆའི20ལས་བརྒལ་བར་སྐར12་འཐེན་པ།
3 སློབ་འཁོར་མྱུར་ཚད་བརྒྱ་ཆའི20ལས་བརྒལ་བར་སྐར12འཐེན་པ།
4 སློབ་འཁོར་བསྐོར་ཆོག་པའི་ཁ་ལོ་བའི་འཛིན་ཡིག་མེད་བཞིན་དུ་སློབ་འཁོར་བསྐོར་བར་སྐར12འཐེན་པ།
གཉིས། འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར12འཐེན་པའི་སྒྲིག་འགལ་བྱ་སྤྱོད།
1 འགྲུལ་སྐྱེལ་རླངས་འཁོར་གཏོང་དུས་ཤོང་ཚད་ལས་བརྒྱ་ཆའི20བརྒལ་བར་སྐར12འཐེན་པ།
2 མྱུར་ཚད་ལས་བརྒལ་བ་ཧ་ཅང་གི་ཚབས་ཆེན་ཡིན་པར་སྐར་12འཐེན་པ།
3 བསམ་བཞིན་རླངས་འཁོར་གི་ཨང་རྟགས་བཀབ་པར་སྐར12འཐེན་པ།
4 འགྲུལ་སྐྱེལ་རླངས་འཁོར་གཏོང་དུས་མྱུར་བགྲོད་གཞུང་ལམ་སྟེང་གི་འཁོར་ལམ་དུ་གང་འདོད་དུ་རླངས་འཁོར་བཞག་པར་སྐར12འཐེན་པ།
5 འབྲིང་རིགས་ཡན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཉེན་ཁ་ཅན་གྱི་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་གཏོང་དུས་ཆུ་ཚོད་4ཡན་བརྒལ་ན་ཡང་རླངས་འཁོར་གཏོང་མཚམས་བཞག་ནས་ངལ་གསོ་མི་བྱེད་པ་དང་། ཡང་ན་ངལ་གསོ་བྱས་རུང་ངལ་གསོའི་དུས་ཚོད་སྐར20ལས་ཉུང་བར་སྐར12འཐེན་པ། (སྔོན་གྱི་སྐར་6འཐེན་པ་ལས་བཅོས་བསྒྱུར་བྱས་ཏེ་སྐར12འཐེན་པ)
6 སློབ་འཁོར་བསྐོར་ཆོག་པའི་ཁ་ལོ་བའི་འཛིན་ཡིག་མེད་པར་སློབ་འཁོར་བསྐོར་བར་སྐར12འཐེན་པ།
7 ཆང་འཐུང་རྗེས་རླངས་འཁོར་བསྐོར་བར་སྐར12འཐེན་པ།
8 རླངས་འཁོར་བསྐོར་ཆོག་པའི་ཁ་ལོ་བའི་འཛིན་ཡིག་དང་ཁོས་བསྐོར་ཡོད་པའི་རླངས་འཁོར་དང་ཁ་ལོ་བའི་འཛིག་ཡིག་གཉིས་མི་འཚམ་པར་སྐར12འཐེན་པ།
9 རླངས་འཁོར་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་བྱས་པར་སྐར12འཐེན་པ།
10 རླངས་འཁོར་ཨང་རྟགས་དང་རླངས་འཁོར་ལག་ཁྱེར་སྒྱུར་བཟོ་དང་རྫུན་བཟོ་བྱེད་པར་སྐར12འཐེན་པ།
11 མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་ཕྱི་ནུར་རྒྱག་པ་དང་ལྡོག་ཕྱོགས་སུ་སྐྱོད་པ། ལམ་དཀྱིལ་གྱི་བར་གཅོད་བཀག་རྒྱ་བརྒལ་ནས་ཁ་ཕྱིར་བསྐྱོག་པར་སྐར12འཐེན་པ།


  • ལེ་ཚན་སྔོན་མ།:ཞིང་ཁར་སྨན་གཏོར་མི་སྣས་འགོག་སྲུང་གི་ཐབས་ཤེས་གང་འདྲ་སྤྱད་དགོས།
  • ལེ་ཚན་རྗེས་མ།:རི་སྐྱེས་ཤ་མོའི་དུག་འགོག་ཤེས་བྱ། 
  • དོ་སྣང་ཆེ་བའི་རྩོམ།