ལྔ་བའི་ཚེས་ལྔའི་ངལ་གསོའི་དུས་ཆེན་གྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་2702ལྷག་སྣེ་ལེན་བྱས་པ།

    གངས་ལྗོངས་ཉི་གཞོན་དྲ་བ།    2018-06-21

  གསར་འགོད་པས་ཚེས18ཉིན། ཞིང་ཆེན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ལྔ་བའི་ཚེས་ལྔའི་ངལ་གསོའི་དུས་ཆེན་གྱི་སྐབས་སུ།ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི2702དང་སྟོང་བཞི་དང་གཉིས་བརྒྱ་ལ་སྣེ་ལེན་བྱས་པས། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་219དང་བྱེ་བ་5ས་ཡ་5མངོན་འགྱུར་བྱུང་བ་རེད། ཞིང་ཆེན་ཡོངས་ཀྱི་གུང་གསེང་ཡུལ་སྐོར་ཆ་འཕྲིན་མ་ལག་གིAབཞི་རིམ་པ་དང་དེའི་ཡན་གྱི་མཛེས་ལྗོངས་ཁྲོད་བཞག་པའི་ས་ཁུལ74ཡིས། རིམ་བསགས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་265དང་སྟོང་4དང་བཞི་བརྒྱ་ལ་སྣེ་ལེན་བྱས་པས། སྒོ་འཛིན་ཡོང་འབབ་སྒོར་ཁྲི5692དང་སྟོང5དང་སུམ་བརྒྱ་མངོན་འགྱུར་བྱུང་། དེ་མིན་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་བའི་མཛེས་ལྗོངས་ཁུལ25ཡིས་རིམ་བསགས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་29དང་སྟོང་3དང་གསུམ་བརྒྱ་ལ་སྣེ་ལེན་བྱས་པ་རེད། དེ་བས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དེ་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པ་དང་། ཉེ་འདབས་གྲོང་གསེབ་དུ་ཡུལ་སྐོར་བྱེད་པ་ནི་སྔར་བཞིན་ཡུལ་སྐོར་བའི་གདམས་ཀ་བྱེད་གནས་ཨང་དང་པོ་ཡིན་པ་རེད། ཁྱིམ་ཚང་ཡུལ་སྐོར་དེ་ཁྲོམ་རའི་གཙོ་རྒྱུགས་ཏུ་གྱུར་བ་དང་། ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ས་ཁུལ་དེ་ཡུལ་སྐོར་བ་ཆེས་དགའ་སའི་ཡུལ་སྐོར་བྱེད་གནས་ཞིག་དུ་གྱུར་བའི་རྣམ་པ་མངོན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་མཛད།
  • ལེ་ཚན་རྗེས་མ།:བོད་རྒྱལ་མོ་ཚ་བ་རོང་ནས་ཕ་སྐད་གླུ་མ་འདི་འདྲ་ཞིག་ཐོན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།