ད་ལོར་སི་ཁྲོན་གྱིས་མི་ཁྲི34ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ།

ཡེ་ཤེས་ཀྱིས་བསྒྱུར།        2018-06-21

    ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ6པའི་ཚེས11ཉིན་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་སི་ཁྲོན་གྱིས་དབུལ་སྐྱོར་གྱི་ཆེད་དོན་ལས་གཞི22ལག་བསྟར་བྱ་རྒྱུའི་ལོ་འཁོར་འཆར་གཞི་དོན་འཁྱོལ་བྱས་ནས་མི་ཁྲི34ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དང་། དབུལ་སྐྱོར་གྲོང་སྡེ་གསར་པ3500ཡི་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ། ངལ་རྩོལ་མི་ལག་དབུལ་པོ་ཁྲི90ལས་ཞུགས་བྱེད་གང་ཐུབ་བྱ་རྒྱུ་རེད།

   སི་ཁྲོན་གྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་གྲོང་སྡེ་གསར་པ་ཇེ་མགྱོགས་སུ་འཛུགས་སྐྲུན་བྱ་རྒྱུའི་རེ་འདུན་བཏོན་པ་རེད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་ཐབས་ཆག་དང་ཉེན་ཅན་གྱི་སྡོད་ཁང་རྙིང་པ་ཁྲི25.5ལེགས་བཅོས་བྱ་རྒྱུ་དང་། སྡོད་ཁང་གླ་དགོས་པའི་དུད་ཚང་ཁྲི5.8ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད། དུས་མཚུམ་སུ། ལོ་ཧྲིལ་པོར་ཞིང་སྡེའི་དུད་ཚང་ཁྲི15ཡི་ཉེན་ཅན་སྡོད་ཁང་ལེགས་བཅོས་བྱ་རྒྱུ་རེད། ད་ལོར་སི་ཁྲོན་གྱིས་ད་དུང་ཁྱོན་ཡོངས་ནས་དབུལ་སྐྱོར་དཀའ་སེལ་དང་། ཐོན་ལས་ཀྱི་རིམ་པ་མཐོར་འདེགས། གྲོང་སྡེ་རྙིང་པ་ལེགས་བཅོས། ཁོར་ཡུག་བཅོས་སྐྱོང་། རིག་གནས་རྒྱུན་འཛིན་བྱེད་པ་བཅས“ བྱ་སྤྱོད་ཆེ་གྲས་ལྔ” ལག་བསྟར་བྱ་རྒྱུ་དང་། རིགས་བགོས་ཏེ་བོད་རིགས་ས་ཁུལ་གྱི་སྡོད་ཡུལ་གསར་པ་དང་དབྱིས་རིགས་ས་ཁུལ་གྱི་ཁྱིམ་གཞིས་གསར་སྐྲུན། པ་ཧྲན་གྱི་སྡོད་ཡུལ་གསར་པ། ཝུའུ་མོང་གྲོང་གསར་འཛུགས་སྐྲུན་བཅས་བྱེད་པར་སྐུལ་འདེད་གཏང་རྒྱུ། སི་ཁྲོན་དཀྱིལ་རྒྱུད་ཀྱི་རི་མ་ཐང་ས་ཁུལ་དང་སི་ཁྲོན་ནུབ་རྒྱུད་ཀྱི་ཐང་ཆེན་ས་ཁུལ་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་གྱིས་སྐུལ་འདེད་གཏང་རྒྱུ་རེད།

    ད་ལོར་སི་ཁྲོན་གྱིས་ད་དུང་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱེད་པར་ཤུགས་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་བྱེད་མཁན་མི་ཁྲི85གསར་སྣོན་བྱ་རྒྱུ་དང་།། ལས་ཤོར་མི་སྣ་ཁྲི22ཡང་བསྐྱར་ལས་ཞུགས་བྱེད་འཇུག་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏང་རྒྱུ་ཡིན་པ་རེད། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས༼དབུལ་སྐྱོར་ལས་གཞིའི་མ་དངུལ་ལས་རྗེས་དོ་དམ་བྱེད་ཐབས༽བརྒྱུད་སྐུར་བྱས།
  • དོ་སྣང་ཆེ་བའི་རྩོམ།