ཁུལ་རོགས་སྐྱོབ་ས་ཚུགས་ཀྱིས་སྒོ་འབྱེད་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཝང་ལིང་།        2018-06-20

ཁུལ་རོགས་སྐྱོབ་ས་ཚུགས་ཀྱིས་སྒོ་འབྱེད་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

    སྤྱི་ཟླ6པའི་ཚེས19ཉིན་ནི་རྒྱལ་ཡོངས་རོགས་སྐྱོབ་དོ་དམ་ས་ཚུགས་ཀྱི་སྒོ་འབྱེད་ཉིན་མོ་ཐེངས་དྲུག་པ་ཡིན་པ་རེད། གོང་ཚེས་ཉིན་དཀར་མཛེས་ཁུལ་རོགས་སྐྱོབ་ས་ཚུགས་ཀྱིས་ཁུལ་དམངས་སྲིད་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་དར་མདོ་གྲོང་ཁྱེར་རོགས་སྐྱོབ་ས་ཚུགས་དང་མཉམ་འབྲེལ་བྱས་ནས་དར་མདོའི་མཛའ་གཞས་ཐང་ཆེན་དུ་དྲུག་པའི་ཚེས་བཅུ་དགུའི་རོགས་སྐྱོབ་ལས་ཁུངས་ཀྱི་སྒོ་འབྱེད་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཐེངས་འདིའི་བྱེད་སྒོ་ཁྲོད་དུ་དྲིག་བསྒྲགས་ཡིག་ཆ་བཀྲམ་པ་དང་ཡུལ་དངོས་སུ་འདྲི་རྩད་དང་ལེན་བྱས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རོགས་སྐྱོབ་ས་ཚུགས་ཀྱི་གནས་ཚུལ་དང་ལས་ཀའི་གྲུབ་འབྲས། རོགས་སྐྱོབ་དོ་དམ་གྱི་སྲིད་ཇུས་ཁྲིམས་སྲོལ་དང་། རོགས་སྐྱོབ་ཐབས་ལམ་དང་གོ་རིམ། མ་བསྐུལ་དང་བླངས་ཀྱི་རོགས་སྐྱོབ་དང་སྲུང་སྐྱོང་རང་བཞིན་གྱི་རོགས་སྐྱོབ། མི་གཤིས་དང་མཐུན་པའི་རོགས་སྐྱོབ་བཅས་ཀྱི་འདུ་ཤེས་དང་བྱེད་ཐབས་བཅས་དྲིལ་བསྒྲགས་བྱས་པར་མ་ཟད། རོགས་སྐྱོབ་བྱ་ཡུལ་གྱི་འཚོ་བའི་གནས་ཚུལ་ཡང་ངོ་སྤྲོད་ཞིབ་ཚགས་བྱས་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་མོར་དྲིལ་བསྒྲགས་ཡིག་རིགས1000ལྷག་བཀྲམ་པ་དང་མང་ཚོགས60ལྷག་གིས་འབྲེལ་ཡོད་གནས་ཚུལ་འདྲི་རྩད་བྱེད་པ་དང་ལེན་ཞུས་ཡོད། ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་མང་ཚོགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་ཀའི་ཤེས་ཚད་ཆེ་རུ་སོང་ཞིང་མང་ཚོགས་ཀྱིས་རོགས་སྐྱོབ་ལས་ཀར་ལྟ་སྐུལ་བྱེད་པ་དང་ལེན་བྱས་པ་དང་དུས་མཉམ་རོགས་སྐྱོབ་དོ་དམ་ལས་ཀའི་དྲང་ནུས་ཀྱང་འདོན་སྤེལ་གང་ལེགས་བྱས་པ་རེད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚོ་ཆུང་རང་ཁུལ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།