མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།

མི་ཉག་ཐུབ་བསྟན་ཆོས་དར།        2018-06-20

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།

    བཞག་མོ་ནི་མི་ཉག་རྡོ་ར་དཀར་མོའི་གནས་ཀྱི་རྒྱབ་རི་དང་། བཞག་སྦྲ་ལྷ་རྩེའི་བཙུན་མོ་བཞིའི་ཡ་གྱར་རྡོ་རྗེ་གཡུ་སྒྲོན་མ་ཡིན།ས་བབ་མཐོ་ཞིང་མཚོ་འཕགས་སྨི6000ལྷག་ཡོད་པ། མདུན་ན་བཞག་མོ་གཡུ་མཚོ་སོགས་མཚོ་རིགས་དུ་མ་ཡོན་ཆབ་བཤམས་པ་ལྟར་མཛེས་པ། བཞག་མོའི་མདུན་དང་གཡོན་གྱི་རྒྱབ་ཕྱོགས་ནའང་སྔ་རབས་ཀྱི་རི་ཁྲོད་དང་དགོན་ཤུལ་མང་དུ་མཆིས་པ། སྐབས་འདིར་ངོ་སྤྲོད་བྱ་བ་ནི་བཞག་མོའི་གཡས་ཟུར་གྱི་རི་ཁྲོད་དེ་ཡིན་ནོ།།

    རི་ཁྲོད་གོང་འོག་གཉིས་འདུག  པར་རིས་འདི་འོག་མ་ཡིན། འོག་མ་ལ་སྒྲུབ་ཕུག42ཡོད། གོང་མ་ལ་བཅུ་ཕྲག་ལྷག་ཡོད། སྒྲུབ་གནས་གོང་འོང་གི་བར་ཐག་སྨི་བརྒྱ་ཕྲག་ཙམ། སྒྲུབ་ཕུག་ཕལ་མོ་ཆེ་རྩིག་རལ་དུ་གྱུར་ཟིན།སྒྲུབ་ཕུག་འགའ་ཞིག་ནི་སྔར་བཞིན་མ་ཉམས་པར་གནས། རྒྱུ་ཆ་རྡོ་ཁོ་ན་ལས་གྲུབ་པ། ཆེ་ཆུང་ཕལ་ཆེ་བ་མི་ཞིག་ཉལ་ས་ཙམ་དང་མཐོ་དམའ་མིའི་ལུས་ཚད་ཙམ།དབྱིབས་གོར་མོ། སྒྲུབ་ཕུག་ཕལ་ཆེ་བའི་མདུན་ན་རྡོ་གཅལ་ཆུང་ངུ་རེ་ཡོད་པ་དང་། སྒྲུབ་ཕུག་དང་སྒྲུབ་ཕུག་གི་བར་ན་རྫ་ལམ་ཕྲན་བུ་རེ་ཡོད་དོ།།

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།

སྒྲུབ་ཕུག་མ་ཉམས་པ་འགའི་པར་རིས།

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
ཅུང་ཟད་ཞིག་རལ་དུ་སོང་བའི་སྒྲུབ་ཕུག་གི་པར་རིས།

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།

ཞིག་རལ་དུ་སོང་བའི་པར་རིས།

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
སྒྲུབ་ཁང་གི་དབྱིབས་རིས།

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
སྒྲུག་ཕུག་ནང་ངོས་ཀྱི་རྩིག་པའི་པར་རིས།

    རྩིག་པའི་ལག་རྩལ་ནི་བྱ་ཚང་གི་ཆགས་ཚུལ་ལྟར་རྡོ་གཅིག་གིས་རྡོ་གཞན་གཅིག་གི་སྣེ་མོར་མནན་ཏེ་རིམ་བཞིན་གྲུབ་པ། འདི་ལ་ཀ་བ་དང་གདུང་མ་སོགས་གང་ཡང་མི་དགོས་པར་རྡོ་རྩིག་ཁོ་ནས་སྟེང་དང་ཕྱོགས་ཀུན་འགྲུབ་པར་བྱེད་པ། ལག་རྩལ་འདི་རོང་འབྲོག་གི་འཚོ་པའི་ཁྲོད་ན་ཡང་མཐོང་དུ་ཡོད་པ། ཁོ་ཚོས་ལག་རྩལ་འདི་ལ་བྱ་མ་ཟས་སྤུ་འགེབ་ཅེས་འབོད་པ། ཚོད་དཔག་བགྱིས་ན་ལག་རྩལ་འདིའི་ཁྱད་ཆོས་ནི་དགུན་དྲོ་བ་དང་དབྱར་བསིལ་བ།བྱ་སྤུའི་ཆགས་ཚུལ་ལྟར་གནས་པས་ཆུ་འགྲོ་ལེགས་པོར་ཡོད་པ་བཅས་སོ།།

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
སྒྲུབ་ཕུག་མདུན་གྱི་རྡོ་གཅལ་གྱི་པར་རིས།

    ཕལ་མོ་ཆེ་ལ་རྡོ་གཅལ་མཆིས་པ། རྡོག་གཅལ་གྱི་དགོས་པ་གཙོ་བོ་ནི་རྩ་རླུང་སྦྱོང་ས་རེད་འདུག  རྒྱུ་མཚན་ནི་རྡོ་གཅལ་མེད་པའི་སྒྲུབ་ཕུག་དག་གི་འགྲམ་སོགས་ན་རྩ་རླུང་སྦྱོང་སའི་རྡོ་རྩིག་གི་སྟེགས་བུ་རེ་བཞུགས་སོ།།

མི་ཉག་བཞག་མོའི་གནས་ཀྱི་བཀའ་བརྒྱུད་གོང་མའི་རི་ཁྲོད།
རྩ་རླུང་སོགས་སྦྱོང་སའི་སྟེགས་བུ།

སྒྲུབ་གནས་འདིར་བཞུགས་སྐྱེས་བུ་རྣམས།  །

ཏིང་འཛིན་ཟས་དང་གཏུམ་མོའི་གོས། །

རླུང་གི་རྟ་ལ་བརྟེན་གནས་པ། །

འབའ་ཞིག་ཡིན་པ་གདོན་མི་ཟ། །

          དགེའོ།།


  • ལེ་ཚན་སྔོན་མ།:ཁམས་བྲག་མགོ་བ་གནས་བྲག་གི་ལོ་རྒྱུས་མཐོང་བ་དོན་ལྡན།
  • ལེ་ཚན་རྗེས་མ།:དར་མདོའི་ལྷ་མོ་རྩེའི་གནས་བཤད་མདོར་བསྡུས།