སེར་ཤུལ་རྫོང་དང་ཁུལ་མི་དམངས་སྨན་ཁང་གཉིས་ཀྱིས་མཉམ་ལས་བྱེད་པའི་གྲོས་མཐུན་ཡི་གེ་བཞག

དབྱངས་ཅན་གྱིས་བསྒྱུར།        2018-06-20

སེར་ཤུལ་རྫོང་དང་ཁུལ་མི་དམངས་སྨན་ཁང་གཉིས་ཀྱིས་མཉམ་ལས་བྱེད་པའི་གྲོས་མཐུན་ཡི་གེ་བཞག

     སྔར་ལྷག་གིས་གཞུང་འཛུགས་སྨན་ཁང་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ་སྨན་བཅོས་མཉམ་ལས་སྡེ་ཚན་བར་བསམ་ཚུལ་བརྗེ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། ཕན་ནུས་ལྡན་པའི་སྒོས་དེང་རབས་ཚན་རྩལ་གྱི་བྱེད་ཐབས་སྤྱད་ནས་རྫོང་དེའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ཆུ་ཚད་ཡང་དུ་སྐས་རིམ་གསར་པར་སླེབས་ཐུབ་པ་བྱས་ཏེ།རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་དངོས་སུ་ཐག་གཅོད་ཐུབ་པའི་ཆེད་དུ། ཉེ་ཆར། སེར་ཤུལ་རྫོང་དང་ཁུལ་མི་དམངས་སྨན་ཁང་གཉིས་ཀྱིས་ཁུལ་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྨན་བཅོས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་རེད།

     ཁུལ་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྨན་བཅོས་མཉམ་ལས་ཀྱི་བྱ་སྤྱོད་འདིས་སྔར་ལས་ལྷག་པར་རྫོང་དེའི་སྨན་བཅོས་ཐོན་ཁུངས་ཕྱོགས་བསྡུས་ལེགས་སྒྲིག་བྱེད་པར་ཕན་ཐོགས་ཡོད་པས་མ་ཚད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་ཆེན་པོ་བྱེད་ཐུབ་པར་བརྟེན། སྨན་ཁང་གི་ཆེད་ལས་ཤེས་ཡོན་མི་སྣ་དང་ལག་རྩལ་མི་སྣའི་འཇོན་ནུས་འདོན་སྤེལ་དེ་བས་ཡག་པོ་བྱས་ནས།རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་འགན་སྲུང་དང་ལག་རྩལ་དེ་བས་ཡག་པོ་ཞིག་མཁོ་འདོན་བྱེད་པ་ལའང་ཕན་ཐོགས་ཡོད་པ་རེད། ཕྱིན་ཆད་སེར་ཤུལ་རྫོང་གིས་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཁྲག་དང་གཅིན་པའི་རྒྱུན་སྲོལ་དང་། སྙིང་འཕར་རླབས་རིས། Bའདས་སྒྲ་བརྟག་དཔྱད་འཕྲུལ་ཆས། ཁྲག་དབྱེ་འབྱེད་བྱེད་པ་སོགས་ཀྱི་སྒྲིག་ཆས་དེ་བས་འདང་ངེས་བྱེད་ཅིང་།སྨན་བཅོས་མི་སྣས་འབྲེལ་དྲྭའི་མཉམ་ལས་གྲུབ་ཆའི་ལས་སྟེགས་ཐོག་ནས་འབྲེལ་ཡོད་གཞི་གྲངས་དང་མཇུག་འབྲས་དེ་ཐད་ཀར་ཁུལ་མི་དམངས་སྨང་ཁང་ལ་བརྒྱུད་གཏོང་བྱེད་ཆོག་ཅིང་། ཁུལ་མི་དམངས་སྨན་ཁང་གིས་ཀྱང་གཞི་གྲངས་དང་མཇུག་འབྲས་ལ་གཞིགས་ནས་རྒྱང་བསྟན་སྨན་བཅོས་བྱས་ཏེ་དུས་ཐོག་ཏུ་སྨན་བཅོས་ཀྱི་བསམ་འཆར་ཕྱིར་ལྡོག་བྱེད་ཐུབ་པར་བརྟེན། རྒྱ་ཆེ་བའི་མང་ཚོགས་ཀྱི་རྒྱུན་ལྡན་ནད་རིགས་འགའ་ཡུལ་དེ་གར་སྨན་བཅོས་བྱེད་ཆོག་པས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་བྱེད་ཡུན་དང་གོ་རིམ་ཉུང་དུ་གཏོང་ཐུབ་པར་མ་ཟད། དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་དང་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་དངོས་སུ་ཐག་གཅོད་བྱེད་ཐུབ་པ་དང་ཆབས་ཅིག རྫོང་དེའི་སྨན་བཅོས་ལས་སྒྲུབ་མི་སྣའི་འཇོན་ནུས་ཇེ་དྲག་ཏུ་གཏོང་ཐུབ་ལ། ཁུལ་མི་དམངས་སྨན་ཁང་གིས་ཀྱང་དུས་བཀག་ལྟར་ཆེད་རམས་པ་སྒྲིག་འཛུགས་བྱས་ཏེ་རྫོང་དེའི་སྨན་བཅོས་ལས་སྒྲུབ་མི་སྣ་ལ་ཆེད་ལས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྤྱི་པའི་གསོག་དངུལ་ཐེངས་གཅིག་རང་བཞིན་གྱི་ཞབས་ཕྱི་འཐུས་སྒོ་ཚང་དུ་བཏང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།