རང་ཁུལ་གྱིས་སྤྱི་པའི་གསོག་དངུལ་ཐེངས་གཅིག་རང་བཞིན་གྱི་ཞབས་ཕྱི་འཐུས་སྒོ་ཚང་དུ་བཏང་།

དབྱངས་ཅན་གྱིས་བསྒྱུར།        2018-06-20

     ཉེ་ཆར། རང་ཁུལ་གྱི་སྡོད་ཁང་དང་སྤྱི་པའི་གསོག་དངུལ་དོ་དམ་ལྟེ་གནས་ཀྱིས་མཐུན་སྦྱོར་ཧུར་ཐག་བྱས་འོག ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་དང་། ཀྲུང་གོའི་ཞིང་ལས་དངུལ་ཁང་དར་མདོ་གྲོང་ཁྱེར་གྱི་ཡན་ལག་དངུལ་ཁང་། ཀྲུང་གོའི་ལས་བཟོ་དངུལ་ཁང་དཀར་མཛེས་ཐད་གཏོགས་ཡན་ལག་དངུལ་ཁང་བཅས་དངོས་སུ་ལྟེ་གནས་དེའི་ཐད་གཏོགས་པུའུ་ཡི་ལས་སྒྲུབ་ཚོམས་ཆེན་དུ་བཅའ་སྡོད་བྱས་པ་རེད། དངུལ་ཁང་གསུམ་པོ་བཅའ་སྡོད་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་དོ་དམ་བྱ་རྒྱུ་ཟུང་འབྲེལ་བྱེད་པ། ཞབས་ཞུ་བཟང་འགྱུར་བཅས་ཀྱི་ལས་ཀ་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། སྤྱི་པའི་གསོག་དངུལ་ཐེངས་གཅིག་རང་བཞིན་གྱི་སྒྲུབ་གཉེར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་པ་རེད།

     ངོ་སྤྲོད་བྱས་པར་ལྟར་ན། སྡོད་ཁང་གི་སྤྱི་པའི་གསོག་དངུལ་ལམ་ལུགས་ནི་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལམ་ལུགས་བཅོས་བསྒྱུར་བྱེད་པའི་གསར་གཏོད་ཤིག་ཡིན་པ་དང་། དུས་ཡུན་རིང་པོར་འཕེལ་རྒྱས་གཏོང་བར་བརྒྱུད་ནས་རང་ཁུལ་གྱི་སྡོད་ཁང་འགན་སྲུང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།རང་ཁུལ་གྱི་ལས་བཟོའི་སྡོད་ཁང་གི་མ་རྩ་རིམ་བསགས་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་སྡོད་ཁང་གི་དངུལ་བུན་ལེན་པའི་ལམ་ལུགས་འཛུགས་གཉེར་བྱེད་པ་དང་ལས་བཟོའི་རང་ཉིད་ཀྱི་སྡོད་ཁང་ཉོ་སྒྲུབ་དང་འཛུགས་སྐྲུན་བྱེད་པའི་ནུས་པ་མཐོར་གཏོང་བ།སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་གཏོང་བ་སོགས་ལ་གལ་ཆེ་བའི་དོན་སྙིང་ལྡན་པ་རེད།

     ཉེ་བའི་ལོ་ཤས་རིང་། ཁུལ་སྡོད་ཁང་གི་སྤྱི་པའི་གསོག་དངུལ་དོ་དམ་ལྟེ་གནས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་དོ་དམ་བྱ་རྒྱུ་ཟུང་འབྲེལ་བྱེད་པ། ཞབས་ཞུ་བཟང་འགྱུར་བཅས་ཀྱི་ལས་ཀ་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། ལས་བཟོའི་ཁེ་ཕན་གཙོ་བོར་འཛིན་ཞིང་། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་སྔོན་དུ་བྱས་ནས། ཞབས་ཞུའི་འདུ་ཤེས་ཤུགས་སྣོན་བརྒྱབ་ནས་དམངས་ལ་ཕན་ཐོགས་པ་དང་དམངས་ལ་སྟབས་བདེ་སྤྲད་རྒྱུ་དམིགས་ཡུལ་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་ཚད་ལྡན་དང་། སྟབས་བདེ། ལས་ཆོད་མཐོ་བ་སོགས་ཀྱི་ཞབས་ཞུའི་ཁོར་ཡུག་ཞིག་བསྐྲུན་པ་རེད། དངུལ་ཁང་གསུམ་པོས་ལས་སྒྲུབ་ཚོམས་ཆེན་དུ་ཞབས་ཞུའི་ལས་སྟེགས་བཙུགས་པ་དང་། ཆེད་དུ་ལས་གནས་དང་མི་སྣ་བཀོད་སྒྲིག་བྱས་ཏེ་ལས་བཟོ་པ་དག་ཐེངས་མང་འགྲོ་མི་དགོས་པ་དང་མགྱོགས་མྱུར་ངང་ལས་དོན་སྒྲུབ་ཐུབ་པའི་ཞབས་ཞུའི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་ཁ་དན་ཚིག་གནས་ཀྱིས་སློབ་གསོར་མཐོང་ཆེན་བྱས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་དང་ཁུལ་མི་དམངས་སྨན་ཁང་གཉིས་ཀྱིས་མཉམ་ལས་བྱེད་པའི་གྲོས་མཐུན་ཡི་གེ་བཞག
  • དོ་སྣང་ཆེ་བའི་རྩོམ།