ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཛའ་བཤེས་དན་རྟགས་གནང་།

        2018-06-14

   

ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཛའ་བཤེས་དན་རྟགས་གནང་།

    མི་དམངས་དྲ་བ་ནས་སྤྱི་ཟླ6པའི་ཚེས8ཉིན་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛའ་བཤེས་དན་རྟགས་གནང་བའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ནང་གཟབ་རྒྱས་ངང་སྤེལ་བ་རེད། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཛའ་བཤེས་དན་རྟགས་གནང་བ་རེད།

   སྤྱི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛའ་བཤེས་དན་རྟགས་གནང་བའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ནས་གཟབ་རྒྱས་ངང་སྤེལ་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཛའ་བཤེས་དན་རྟགས་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གཉིས་མཛའ་བཤེས་དན་རྟགས་གནང་བའི་མཛད་སྒོར་ཞུགས་པ་རེད།

    ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་ང་ལྔའི་སྟེང་། མཛའ་བཤེས་དན་རྟགས་གནང་བའི་མཛའ་སྒོ་མགོ་བརྩམས། བརྗིད་ཉམས་ལྡན་པའི་རོལ་མོའི་ཁྲོད་ཞི་ཅིན་ཕིང་དང་ཕུའུ་ཅིན་གཉིས་མཉམ་དུ་གསེར་མདོག་ཚོམས་ཆེན་དུ་ཕེབས་པར། མཛད་སྒོར་ཞུགས་པའི་མི་སྣ་ཡོངས་ཡར་ལངས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་བརྡེབས་སྒྲས་ཁེངས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་བརྡེབས་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཁོང་གིས་གསུངས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛའ་བཤེས་དན་རྟགས་ནི་ཀྲུང་གོ་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་གནང་བའི་ཆེས་མཐོའི་གཟི་བརྗིད་མཚན་སྙན་དན་རྟགས་ཡིན་ལ། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་བཅས་ཐད་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་ཕྱི་རྒྱལ་གྱི་མཛའ་བཤེས་མི་སྣར་གནང་བ་ཡིན། ཙུང་ཐུང་ཕུའུ་ཅིན་ནི་འཛམ་གླིང་སྟེང་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོའི་འགོ་གཙོ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བཟང་བོ་དང་གྲོགས་པོ་རྙིང་བའང་ཡིན། ཁོང་གིས་ལོ་མང་པོའི་རིང་ལ་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བར་མཐོང་ཆེན་དང་དངོས་སུ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ལ་ཉམས་སད་ཐེག་པ་དང་། ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་རྒྱུན་ཆད་མེད་པར་ཇེ་བརྟན་ཏུ་བཏང་།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མཛའ་བཤེས་དན་རྟགས་དེས་ཀྲུང་གོ་མི་དམངས་ཀྱིས་ཙུང་ཐུང་ཕུའུ་ཅིན་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་མཚོན་ཡོད་ལ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་རླབས་ཆེ་བའི་མི་རིགས་གཉིས་བར་གྱི་མཛའ་བཤེས་ཟབ་མོའང་མཚོན་ཡོད། མགོ་ཚུགས་ས་གསར་པ་ནས། ངས་མུ་མཐུད་ནས་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཁྱིམ་མཚེས་མཛའ་མཐུན་དང་འཐབ་ཇུས་མཉམ་ལས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་འོད་སྟོང་འབར་བའི་མ་འོངས་པའི་ཕྱོགས་སུ་སྐྱོད་པར་མཉམ་དུ་ཁྲིད་སྟོན་བྱེད་འདོད་ཡོད།

དེའི་རྗེས་སུ་ཝང་ཧུའུ་ཉིང་གིས་རྒྱལ་ཁབ་ཀྲུའུ་ཞིའི་བྱས་རྗེས་དགའ་རྟགས་གནང་བའི་བཀའ་ཁྱབ་བསྒྲགས་གནང་བ་རེད།

ཏིན་ཞོ་ཞང་དང་ཝང་ཁྲིན། སུང་ཁྲུན་ལན། དབྱང་ཅེ་ཁྲི་སོགས་བྱས་རྗེས་དགའ་རྟགས་གནང་བའི་མཛད་སྒོར་ཞུགས་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།
  • ལེ་ཚན་རྗེས་མ།:ཁྲུང་ཆིང་དང་བོད་ལྗོངས་ཀྱིས་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར16.3གྱི་བོད་ཁུལ་གྱི་གློག་ཁྲུང་ཆིང་དུ་གཏང་རྒྱུའི་གྲོས་མཐུན་ཡི་གེ་བཞག
  • དོ་སྣང་ཆེ་བའི་རྩོམ།