རང་ཁུལ་གྱི་ཚན་པ་དང་པོའི་དབུལ་སྐྱོར་གནད་སྨིན་གྱི་ཚོང་རྟགས་སྟེར་བའི་བྱེད་སྒོ་མཇུག་བསྒྲིལ་ནས་རྨང་གཞིའི་ཚོང་རྟགས་ཁྱོན་བསྡོམས26སྟེར་ཡོད།

དབྱངས་ཅན་གྱིས་བསྒྱུར།        2018-06-14

     ཉེ་ཆར། ཁུལ་བཟོ་ཚོང་མ་ལག་གིས་ཚན་པ་དང་པོའི་དབུལ་སྐྱོར་གནད་སྨིན་གྱི་ཚོང་རྟགས་སྟེར་བའི་བྱེད་སྒོ་མཇུག་སྒྲིལ་ནས་རྨང་གཞིའི་ཚོང་རྟགས་ཁྱོམ་བསྡོམས26སྟེར་ཡོད་པ་རེད།

     2016ལོར་ཁུལ་བཟོ་ཚོང་ཅུས་ཀྱིས་ཞིང་ཆེན་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་ལྟར། ད་ལྟར་སྤེལ་བཞིན་པའི་སྦྱོང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་དང་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་ཟུང་འབྲེལ་བྱས་ཏེ་ཁོངས་གཏོགས་མ་ལག་ཡོངས་སུ་དབུལ་སྐྱོར་གནད་སྨིན་གྱི་ཚོང་རྟགས་སྟེར་བའི་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་དབུལ་སྐྱོར་གནད་སྨིན་གྱི་ཚོང་རྟགས་སྟེར་བའི་བྱེད་སྒོ་དེ་གསར་གཏོད་ཀྱི་མ་ཕྱིའི་རང་བཞིན་དང་མངོན་གསལ་རང་བཞིན། སྤྱོད་འཐུས་རང་བཞིན་ལ་དོ་སྣང་བྱེད་པར་དམིགས་ཤིང་། ཐོ་འགོད་ཀྱི་རིགས་ལ་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གཙོ་བོར་བྱེད་ཅིང་། ད་ཡོད་ཀྱི་ཐོན་རྫས་དང་གསར་སྦོལ་བྱེད་བཞིན་པའི་ཐོན་རྫས་ལྟར་ཚོང་རྟགས་བེད་སྤྱོད་གཏོང་བའི་ཁྱབ་ཁོངས་ཞིབ་བཤེར་གཏན་འབེབས་བྱས་ཡོད།ཐོ་འགོད་བྱས་པའི་ཚོང་རྟགས་དེ་ཡི་གེ་དང་ཡང་ན་ཡི་གེ་དང་པར་རིས་སྤེལ་མ་ཡོད་པའི་བྱེད་སྟངས་སྤྱད་ནས་ཚོང་རྟགས་ཀྱི་མཚོན་རྟགས་ཇུས་འགོད་བྱས་ནས། ངོས་འཛིན་བྱེད་ནུས་མཐོ་རུ་བཏང་ནས་ཐོན་རྫས་བེད་སྤྱོད་བྱེད་རིང་གི་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་བར་ཕན་ཐོགས་ཡོད་པ་རེད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཀྱི་བཟོ་ཚོང་ཅུས་དང་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁོངས་གཏོགས་ས་ཁུལ་སོ་སོའི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་དང་། གསོ་སྤེལ། བཟོ་ལས། ཞིང་ཞོར་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་སོགས་ཞིང་ལས་དང་འབྲེལ་བའི་ཐོན་རྫས་ལ་རྒྱུན་མཐུད་དུ་ཟླ་བ་གསུམ་རིང་གི་སྔོག་འདོན་དང་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག སྐུལ་སློང་གྲོས་ཚོགས་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་ཞིང་ལས་དང་འབྲེལ་བའི་ཚོང་རྟགས་ཐོ་འགོད་བྱ་དགོས་པའི་ཁེ་ལས་དང་མཐུན་ཚོགས། ཞིང་ལས་ཆེད་ལས་མཉམ་ལས་ཁང་། ཞིང་དུད་སོགས་མིང་ཐོ་འགོད་པའི་ནང་ཞུགས་པར་སྐུལ་སློང་གཏོང་གང་ཐུབ་བྱས་ནས། སྟེར་གྲབས་ཡོད་པའི་ཐོ་འགོད་ཚོང་རྟགས45རྒྱལ་ཁབ་ཚོང་རྟགས་ཅུས་ལ་ཞིབ་དཔྱད་བྱ་རྒྱུ་བསྡུ་རུབ་དང་ལེགས་འདེམས་བྱས་པ་རེད།

     ཚོང་རྟགས་ཐོ་འགོད་བྱེད་ཡུན་ལོ་གཅིག་ལྷག་འགོར་རྗེས།རྒྱལ་ཁབ་ཚོང་རྟགས་ཅུས་ཀྱིས་ཉེ་དུས་སུ་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པས། རང་ཁུལ་གྱིས་ཡིག་ཐོག་སྙན་ཞུ་བྱས་པའི་ཚོང་རྟགས26དེ་བདེ་བླགས་ངང་ཐོག་མའི་ཞིབ་དཔྱད་དང་སྤྱི་བསྒྲགས་བྱས་པས་ཚོང་རྟགས13ཕྱིར་སློག་པ་དང་། ཚོང་རྟགས6རེ་བ་ཞུ་མཁན་གྱིས་རང་ཤུགས་སུ་རེ་ཞུ་བྱ་རྒྱུ་བསྐྱུར་བ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནག་ཚོགས་ཚར་གཅོད་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:2018ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་དུས་ཆེན་འགོ་ཚུགས་མཛད་སྒོ་དར་རྩེ་མདོ་རུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།