ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ད་ལོར་ལས་འགོ་འཛུགས་རྒྱུའི་འཆར་གཞི་བཀོད།

ཡེ་མགོན་གྱིས་བསྒྱུར།        2018-06-11

      གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་དོན། ཉེ་ཆར། ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ་དེ་དངོས་སུ་སུས་འཇོན་དེ་འགུག་བྱས་ནས་ད་ལོར་ལས་འགོ་འཛུགས་རྒྱུའི་འཆར་གཞི་བཀོད་པ་རེད།

      སུས་འཇོན་དེ་འགུག་གི་སྤྱི་བསྒྲགས་ལ་གཞིགས་ལ། ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ཧ་ལམ་སྤྱི་ལེ97ཡོད་ཅིང་། རླངས་འཁོར་ཆུ་ཚོད་རེ་ལ་སྤྱི་ལེ80རྒྱུག་ཐུབ་པ་དང་ལམ་གཞིའི་ཞེང་ཚད་སྨི25.5ཡོད་པ། ཕྱོགས་གཉིས་ལ་རླངས་འཁོར་བཞི་རེ་རྒྱུག་ཆོག་པའི་ཚད་གཞི་ལྟར་བྱས་ནས་ཇུས་འགོད་བྱས་པ་རེད། ལས་གཞི་འདིར་ཚོད་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར160.73གཏོང་འཇོག་བྱས་ཏེ"BOT"བྱེད་སྟངས་སྤྱད་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།

      འཆར་གཞི་ལ་གཞིགས་ན། ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་ཡུན་ལོ་བཞི་ཡིན་ཞིང་། ད་ལོར་ལས་འགོ་འཛུགས་རྒྱུའི་འཆར་གཞི་ཡིན་པ་རེད། ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལས་བསྐྲུན་རྗེས་གཡག་རྔ་ནས་ཞི་ཁྲང་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་བྱས་ནས་རང་ཁུལ་གྱི་འགྲིམ་འགྲུལ་དེ་བས་སྟབས་བདེ་ཡོང་བར་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་ཐུབ་པར་འགན་སྲུང་བྱ་དགོས།
  • ལེ་ཚན་རྗེས་མ།:མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱིས་པའི་གླིང་སྒྲུང་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།