བར་དཀྱིལ་གྲོང་སྡེ་ཡིས་ཡོང་འབབ་འཕར་བྱེད་ཀྱི་སྔོ་ཚལ་དྲོད་ཁང་ཆེན་པོ་བསྐྲུན།

ཀུན་དགས་བསྒྱུར།        2018-06-11

      སྤྱི་ཟླ་ལྔ་པའི་དཔལ་ཡུལ་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས། འབྲི་ཆུའི་ངོགས་སུ་སྔོ་ཚལ་དྲོད་ཁང་མུ་ཏིག་ཐང་མར་བརྡལ་བ་འདྲ། སྔོ་ཚལ་དྲོད་ཁང་འདི་དག་གིས་དཔལ་ཡུལ་མང་ཚོགས་ཀྱི་བཟའ་འཐུང་བློས་འཁེལ་བྱས་པས་མ་ཚད། འབྲི་ཆུ་ཤང་བར་དཀྱིལ་གྲོང་སྡེའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་བ་རེད།

      རྫོང་གི་གྲོང་ཁུལ་དང་སྤྱི་ལེ9ཙམ་རྒྱང་བའི་བར་དཀྱིལ་གྲོང་སྡེ་ནི་འབྲི་ཆུ་འབབ་རྒྱུད་དུ་ཆགས་ཡོད་ཅིང་། འདི་ནའི་ཆ་སྙོམས་མཚོ་འཕགས་སྨི2800དང་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ17ཡིན་པ་རེད། འདི་ནའི་ཐུན་མོང་མིན་པའི་རང་བྱུང་ཁོར་ཡུག་གིས་གྲོང་སྡེ་དེའི་མང་ཚོགས་ལ་ཕྱུག་འགྱུར་དང་འབབ་འཕར་གྱི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད།

      ཉེ་ཆར། སྨྱུག་འཛིན་པ་འབྲུ་ཆུ་ཤང་བར་དཀྱིལ་གྲོང་སྡེའི་སྒྲོལ་མ་ཚང་དུ་འགྲོ་དུས་མིག་ལམ་དུ་མཐོང་བ་ནི་ཁོ་ཚང་གི་སྔོ་ཚལ་དྲོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ150ཙམ་ལས་མེད་ཀྱང་ནང་གི་སྔོ་ཚལ་གྱི་སྐྱེས་ཚུལ་ལེགས་པས་སྔོན་ལྗང་ལྗང་དུ་གནས་པ་དེ་རེད།

སྒྲོལ་མས་སྔོ་ཚལ་དྲོད་ཁང་བཙུགས་པ་ནས་བཟུང་ངེད་ཚང་གི་ཡོང་འབབ་དམིགས་བསལ་འཕར་སྣོན་བྱུང་ཡོད་ཅིང་། ལས་ཀའང་སྔ་ལས་སླ་མོར་གྱུར་ཡོད། སྔར་གང་སར་གླ་རྒྱག་སར་འགྲོ་དགོས་ཀྱང་ད་སྐབས་རང་རང་གི་སྒོ་ཁར་རང་ཉིད་ཀྱི་ལག་བཟུང་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་གྱི་ལས་ལ་ཞུགས་ཆོག་པས་སེམས་ཁ་གང་ལ་ཡིད་ཚིམ་བྱུང་། ང་ད་ལྟ་གྲོང་སྡེའི་ནང་གི་སྔོ་ཚལ་འདེབས་འཛུགས་མཁས་གྲས་ཤིག་ལ་བརྩི་བཞིན་ཡོད་པས་ནམ་རྒྱུན་གྲོང་མི་ཚོར་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སློབ་བཞིན་ཡོད་ཅེས་བཤད་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་ཆུ་ཤང་བར་དཀྱིལ་གྲོང་སྡེ་ནི་དཔལ་ཡུལ་རྫོང་གི་རྒྱལ་གཅེས་དང་དྲིན་གཟོ། ཁྲིམས་སྲུང་། མཐུན་སྒྲིལ་སློབ་གསོ་བྱེད་སྒོའི་དཔེ་སྟོན་རྟེན་གཞི་ཡིན་པ་རེད། 2007ལོའི་ཟླ་བ7པར་གྲོང་སྡེ་དེས་སྔོ་ཚལ་མཐུན་ཚོགས་བཙུགས་པ་དང་། 2013ལོའི་ཟླ་བ5པར་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་རོགས་རམ་འོག་ཝུའུ་ཧོའུ་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་བྱས་པའི་པགས་སྨུག་ཞོག་ཁོག་རྟེན་གཞིའི་ལས་གཞིའང་བར་དཀྱིལ་གྲོང་སྡེ་རུ་བཙུགས་ཡོད་པ་རེད།

གྲོང་སྡེའི་སྡེ་དཔོན་གྱིས་སྔོ་ཚལ་དྲོད་ཁང་བཙུགས་པ་ནས་བཟུང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་ཡོད་པས་མ་ཚད་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གི་དབུལ་ཕོངས་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ནས་གཅེས་སེམས་མཚོན་པའི་དངོས་རྫས་བླངས།
  • ལེ་ཚན་རྗེས་མ།:སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་ཐུབ་པར་འགན་སྲུང་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།