ཁྲལ་བསྡུ་གཟིགས་སྐྱོང་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱས

དབྱངས་ཅན་གྱིས་བསྒྱུར།        2018-06-11

      ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་རྒྱལ་ཁབ་ཁྲལ་དོན་མ་ལག་གིས་དབུལ་ཐར་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོར་དམ་པོ་དམིགས་ནས། ཤེས་དགོས་ཚད་ཤེས་ཐུབ་པ་དང་ལོངས་སུ་སྤྱོད་ཆོག་ཚད་ལོངས་སུ་སྤྱད་རྒྱུའི་ཚད་གཞི་རྒྱུན་འཁྱོངས་བྱས་པ་དང་། འཁོར་སྐྱོད་དང་། ཁྲལ་བསྡུ་བྱ་ཡུལ། དྲ་བ་བཅས་དཔྱ་ཁྲལ་འཇལ་མཁན་གྱི་སློབ་ཁང་ལ་བརྟེན་ནས། དབུལ་ཐར་འགག་སྒྲོལ་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སོ་སོ་དྲིལ་བསྒྲགས་དང་ཟུར་ཁྲིད། རྒྱབ་སྐྱོར་སོགས་བྱེད་ཤུགས་ཆེ་རུ་བཏང་བར་མ་ཟད། ཁྲལ་བསྡུ་ཆ་འཕྲིན་ཅན་དུ་འགྱུར་བའི་མ་ལག་དང་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་རྗེས་འདེད་འདྲི་རྟོགས་བྱས་པར་བརྟེན། ཁྲལ་བསྡུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ནུས་ཤུགས་བསྣན་པ་རེད།

      སྤྱི་ཟླ་དང་པོ་ནས་བཞི་པའི་བར་ཁུལ་ཡོངས་ཀྱི་རྒྱལ་ཁབ་ཁྲལ་བསྡུ་མ་ལག་གིས་རིམ་རྩིས་བྱས་ན་དབུལ་ཐར་འགག་སྒྲོལ་གྱི་ཁྲལ་བསྡུ་ཡོང་འབབ་ཀྱི་གཟིགས་སྐྱོང་མ་དངུལ་སོ་སོ་སྒོར་དུང་ཕྱུར1.29དོན་འཁྱོལ་དང་རྒྱབ་སྐྱོར་བྱས་ནས་བརྒྱ་ཆ28.67འཕར་ཡོད་པ་རེད། དེའི་ནང་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་མ་དངུལ་སྒོར་ཁྲི3035དོན་འཁྱོལ་དང་རྒྱབ་སྐྱོར་བྱས་པས་བརྒྱ་ཆ41འཕར་བ་དང་། རང་གིས་ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་ཀྱི་གནས་ཐང་ཁྲལ་དངུལ་སྒོར་ཁྲི468རྩ་ཆག་བཏང་ནས་བརྒྱ་ཆ147.71འཕར་བ། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་ཁེ་ལས་སོགས་ཀྱི་ཐོབ་ཁྲལ་སྒོར་ཁྲི105ཆག་ཡང་དང་རྩ་ཆག་བཏང་ནས་བརྒྱ་ཆ26.5འཕར་བ།ཁེ་ལས་ཆུང་གྲས་ལ་ཁྲལ་བསྡུའི་གཟིགས་སྐྱོང་མ་དངུལ་སྒོར་ཁྲི5373དོན་འཁྱོལ་བྱས་ནས་བརྒྱ་ཆ20.69འཕར་བ་རེད།སྔར་ལས་ལྷག་པར་ལས་སྐྲུན་དང་ལས་ཞུགས་ཀྱི་གསོན་ཤུགས་ལ་སྐུལ་མ་བཏང་ཞིང་། ནུབ་རྒྱུད་གསར་སྦོལ་ཆེན་པོའི་ཁྲལ་བསྡུའི་གཟིགས་སྐྱོང་མ་དངུལ་སྒོར་ཁྲི3107དོན་འཁྱོལ་བྱས་ནས་བརྒྱ་ཆ11འཕར་བར་བརྟེན།ས་ཁོངས་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་གི་དཔྱད་བསྡུར་དགེ་མཚན་དངོན་སུ་མཚོན་པ་རེད། དངུལ་རྩ་ལས་ཁུངས་ཀྱི་འབོར་ཆུང་དངུལ་བུན་གྱི་སྐྱེད་ཀའི་གནས་ཐང་ཁྲལ་དངུལ་སྒོར་ཁྲི785རྩ་ཆག་བཏང་ནས་བརྒྱ་ཆ130.73འཕར་བ། ཞིང་ལས་དང་འབྲེལ་བའི་འབོར་ཆུང་དངུལ་བུན་གྱི་སྐྱེད་ཀའི་ཡོང་འབབ་སྒོར་ཁྲི902ཆག་ཡང་བཏང་ནས་བརྒྱ་ཆ13འཕར་བས་དངུལ་རྩའི་ཐོན་ཁུངས་དབུལ་ཕོངས་ས་ཁུལ་དུ་སྤྱོད་ཐུབ་པར་ཁྲིད་སྟོན་བྱེད་གང་ཐུབ་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:མི་ཉག་ནས་ནག་ལ་བརྟེན་ནས་གྲོང་མིའི་དཔལ་འབྱོར་གོང་དུ་འཕེལ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གི་དབུལ་ཕོངས་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ནས་གཅེས་སེམས་མཚོན་པའི་དངོས་རྫས་བླངས།
  • དོ་སྣང་ཆེ་བའི་རྩོམ།