མཛོད་ལུང་གྲོང་སྡེས་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་།

དབྱངས་ཅན་དང་བདེ་ཆེན་དབང་མོ་གཉིས་ཀྱིས་བྲིས།        2018-06-08

 

མཛོད་ལུང་གྲོང་སྡེས་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་།


      ཟླ་བ5པའི་ཚེས31ཉིན། དར་མདོ་གྲོང་ཁྱེར་གྱི་ཨང་དང་པོའི་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་དར་མདོ་གྲོང་ཁྱེར་འགག་པ་ཤང་མཛོད་ལུང་གྲོང་སྡེར་ནས་ནག་ཉོ་སྒྲུབ་བྱེད་སར་འོངས་པ་རེད། གནས་ཚུལ་དེ་ཐོས་རྗེས་གྲོང་མི་ཚོས་རང་ཉིད་ཀྱི་ཁྱིམ་ལ་ཡོད་པའི་ནས་ནག་དེ་དག་ཁུག་མའི་ནང་བླུགས་ཏེ་ཉོ་སྒྲུབ་པ་བསྒུགས་ནས་བསྡད། ནས་ནག་བླུགས་ཡོད་པའི་ཁུག་མ་དེ་དག་ལ་བལྟས་ཏེ་གྲོང་མི་ཚོས་དགའ་སྤྲོའི་ངང་ཁྱོད་ཚོས་ནས་ནག་དེ་འདྲ་མང་པོ་ཞིག་བཏབ་ཡོད་པས་ད་ཐེངས་ཁེ་བཟང་ཡག་པོ་རག་འདུག  ཁྱོད་ཚོས་ཀྱང་ནས་ནག་གི་ཁེ་བཟང་ཡག་པོ་རག་ཡོད་འདུག  ནས་ནག་ཉོ་སྒྲུབ་བྱེད་མཁན་སྤྱི་གཉེར་ཁང་ཡོད་པས་ང་ཚོས་ནས་ནག་ལ་ཚོང་ལམ་མི་འདུག་བསམ་ནས་སེམས་ཁྲལ་བྱ་མི་དགོས་པ་རེད་ཅེས་ཕན་ཚུན་ཁ་བརྡ་ལབ་རེས་བྱེད་བཞིན་ཡོད་པ་རེད།

མཛོད་ལུང་གྲོང་སྡེས་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་།

མཛོད་ལུང་གྲོང་སྡེས་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་།

མཛོད་ལུང་གྲོང་སྡེས་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་།

      སྔོན་མར་ནས་ནག་གི་ཚོང་ལམ་ཉུང་ལ་རིན་གོང་ཡང་དམའ་བར་མ་ཟད། ད་དུང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་སྐྱེལ་འདྲེན་གྱི་མ་གོང་མཐོ་བས་མཛོད་ལུང་གྲོང་སྡེའི་ཞིང་པས་འདེབས་འཛུགས་བྱས་པའི་ནས་ནག་དེ་དག་ཕལ་ཆེར་རང་གིས་སྤྱད་རྒྱུ་དང་ཕྱི་རུ་ཉུང་ཙམ་བཙོང་ཐུབ་པ་ལས་དཔལ་འབྱོར་གྱི་ཕན་འབྲས་དེ་ཙམ་ཆེན་པོ་ཐོབ་མྱོང་མེད། ཉེ་དུས་ཀྱི་ལོ་འགའི་རིང་འགག་པ་ཤང་གིས་དབུལ་ཐར་འགག་སྒྲོལ་གྱི་ལས་གཞི་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཕོངས་གྲོང་སྡེ་དང་དུད་ཚང་གི་དོན་དངོས་ལ་དམིགས་ཏེ། ས་ཁུལ་གྱི་ཁོར་ཡུག་དང་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། རྒྱང་རིང་ལུང་ཁུག་ཏུ་གནས་ལ་ཡོང་འབབ་ཧ་ཅང་ཉུང་བའི་དབུལ་ཕོངས་གྲོང་སྡེར་ནས་ནག་འདེབས་འཛུགས་བྱེད་པ་དང་ཐོག་མའི་བཟོ་སྣོན་བྱ་རྒྱུ་གཙོ་བོར་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་བ་དང་ཆབས་ཅིག  ལེགས་འགྲུབ་ངང་དར་མདོ་གྲོང་ཁྱེར་གྱི་ཨང་དང་པོའི་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ཤིང་། ཁེ་ལས་དང་རྟེན་གཞི། ཞིང་དུད་བཅས་མཉམ་འབྲེལ་འཕེལ་རྒྱས་གཏོང་བའི་ཐབས་ཤེས་སྤྱད་ཏེ་ནས་ནག་གི་རྟེན་གཞི་མུའུ3000གསར་སྐྲུན་བྱས་པ་རེད།

མཛོད་ལུང་གྲོང་སྡེས་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་།

མཛོད་ལུང་གྲོང་སྡེས་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་།

       ད་ལོར་དར་མདོ་གྲོང་ཁྱེར་གྱི་ཨང་དང་པོའི་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་མི་སྣ་འགག་པ་ཡུལ་ཤོག་མཛོད་ལུང་གྲོང་སྡེ་རུ་བསྐྱོད་དེ་ནས་ནག་རྒྱ་མ་རེར་སྒོར2.8ཀྱི་རིན་གོང་གཏན་འབེབས་བྱས་ནས་མཛོད་ལུང་གྲོང་སྡེའི་ནས་ནག་རྒྱ་མ17978.6ཉོ་སྒྲུབ་བྱས་པ་དང་། སྔོན་ཆད་ཀྱི་ཚོང་རའི་རིན་གོང་སྒོར2རེ་རྩིས་ན་ནས་ནག་རྒྱ་མ་རེར་རིན་གོང་སྒོར0.8ཡར་སྤར་ཞིང་། ཞིང་ལས་ཐོན་རྫས་ཀྱི་རིན་གོང་སྤར་བའི་ཡོང་འབབ་སྒོར་བརྒྱ་ཆ40ལ་སླེབས་ཐུབ་པ་རེད། ལག་ན་ནས་ནག་བཙོང་བའི་ཐོབ་འབབ་སྒོར50306བཟུང་ཡོད་པའི་གྲོང་སྡེའི་ཀྲུའུ་རེན་གྱིས་དགའ་སྤྲོའི་ངང་དུ་ནས་ནག་རྒྱ་མ་གོང་རེར་གྲོས་མཐུན་རིན་གོང་སྒོར2.8ལྟར་ཕྱིར་འཚོང་བྱས་ཡོད་ལ། འགག་པ་ཤང་གི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་ནས་ནག་འདི་གྲོང་སྡེ་བརྒལ་ནས་ཚོང་རར་བསྐྱོད་དེ་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་འདི་ནི་སྲིད་གཞུང་དང་ཁེ་ལས་ཀྱི་བཀའ་དྲིན་རེད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:རིགས་ཀྱི་བུ་དང་བུ་མོ་ཚོ། ཤུགས་ཕྱུངས།
  • ལེ་ཚན་རྗེས་མ།:ཁྲལ་བསྡུ་གཟིགས་སྐྱོང་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱས
  • དོ་སྣང་ཆེ་བའི་རྩོམ།