རིགས་ཀྱི་བུ་དང་བུ་མོ་ཚོ། ཤུགས་ཕྱུངས།

མཁས་གྲུབ།        2018-06-07

 

རིགས་ཀྱི་བུ་དང་བུ་མོ་ཚོ། ཤུགས་ཕྱུངས།


ཟླ་བ6པའི་ཚེས7ནས་ཚེས9ཡི་བར་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་རྣམས་མཐོ་རྒྱུགས་ལ་ཞུགས་པའི་དུས་ཡིན་ལ། དེ་ནི་ལོ་ངོ་བཅུ་ལྷག་ལ་སློབ་གཉེར་བྱས་པའི་སློབ་མ་རྣམས་ཀྱི་རང་རང་གི་མི་ཚེའི་བགྲོད་ལམ་སྟེང་ཆེས་གལ་འགངས་ཆེ་བའི་རྒྱུགས་ཆེན་ཞིག་ཡིན་པ་རེད།

  ད་ལོར་རང་ཁུལ་ལ་མཚོན་ན། མཐོ་རྒྱུགས་ལ་ཞུགས་པའི་སློབ་མ9000ལས་བརྒལ་བས། མཐོ་རྒྱུགས་མིང་ཐོ་འགོད་མཁན་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

རིགས་ཀྱི་བུ་དང་བུ་མོ་ཚོ། ཤུགས་ཕྱུངས།

  ཁུལ་སློབ་བསྡུ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱི2018ལོའི་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ9009ཡོད་པ་དང་། ཁུལ་ནང་ཁུལ་གྱི་མཐོ་རྒྱུགས་རྒྱུགས་རར་ཞུགས་མཁན8001ཡོད་པ་སྟེ། དར་རྩེ་མདོ་དང་ལྕགས་ཟམ་ཁ། རོང་བྲག་དང་བརྒྱད་ཟིལ། བྲག་མགོ་དང་དཀར་མཛེས། ཉག་ཆུ་ཁ་དང་འབའ་ཐང་སོགས་ཁུལ་ཡོངས་སུ་རྫོང(གྲོང་ཁྱེར།)ཁག་བརྒྱད་དང་རྒྱུགས་སྤྲོད་ས་ཚིགས11རྒྱུགས་ར280བཅས་བཟོས་པ་རེད།

  2017ལོ་དང་བསྡུར་ན། ཁུལ་ཡོངས་ཀྱི་མཐོ་རྒྱུགས་ནང་མིང་ཐོ་བཀོད་པའི་མི་གྲངས3053ཇེ་མང་ལ་སོང་བ་དང་། རྒྱུགས་སྤྲོད་ས་ཚིགས2དང་ཚད་ལྡན་ཅན་གྱི་རྒྱུགས་ར96བསྣན་པ་རེད།

རིགས་ཀྱི་བུ་དང་བུ་མོ་ཚོ། ཤུགས་ཕྱུངས།

རིགས་ཀྱི་བུ་དང་བུ་མོ་ཚོ། ཤུགས་ཕྱུངས།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་གོ་རིམ་ལྡན་པའི་ངང་སྤྱི་ལེ་བརྒྱ་ཅན་གྱི་ལྗང་མདོག་ཐོན་ལས་ཀྱི་དཔེ་སྟོན་ཁུལ་བསྐྲུན་པར་སྐུལ་འདེད་གཏོང་།
  • ལེ་ཚན་རྗེས་མ།:མི་ཉག་ནས་ནག་ལ་བརྟེན་ནས་གྲོང་མིའི་དཔལ་འབྱོར་གོང་དུ་འཕེལ།
  • དོ་སྣང་ཆེ་བའི་རྩོམ།