གླེན་མ།

རྔ་འོད།        2018-06-06

རྒྱང་རིང་གི་སྲང་ལམ་དེ་ནས་ཁྱེད་ཀྱིས་ང་ལ་བལྟས་ཚེ། 

ང་ནི་ཅི་འདྲའི་ཉམ་ཆུང་གི་ངང་ཕྲུག་ཅིག 

ཁྱེད་ཀྱི་སྔོན་ཆད་ཀྱི་མི་བུ་དེའི་དམ་བཅའ་མཐུན་རྐྱེན། 

ངང་ཕྲུག་ལ་ཆུ་རྐྱལ་གྱི་མཐུ་རྩལ་མེད་པར། 

གཏིང་ཟབ་པའི་མཚོ་མོར་ལྷུང་། 

གླེན་མ་ཁྱེད་ཀྱིས་མཚོ་འགྲམ་ནས་ངང་ཕྲུག་དེ་མིག་གི་བཟོད་དམ། 

ངང་ཕྲུག་གི་རྣམ་སྨིན་དང་ངལ་དུབ་སོགས་ཁྱེད་ཀྱིས་བསམ་བློ་བཏང་ངམ།

གླེན་མ་ཁྱེད་ཀྱིས་མི་བུ་དེའི་གཏམ་རྒྱུད་ཡིད་ལ་བཅངས། 

རྐྱལ་རྩལ་མེད་པའི་ངང་ཕྲུག་མཚོ་འགྲམ་གྱི་བུ་མོར་ཆགས་ནས། 

མཚོ་མོའི་མུན་ནག་ཏུ་ནུབ། 


རྒྱང་རིང་གི་སེམས་པ་ཁྱོད་ཀྱིས་ཟོས་དང་། 

མི་ཕོ་དེ་ནི་ཁྱོད་ཀྱི་ཚེ་སྲོག་གི་རྒྱབ་རྟེན་ཡིན་པས། ཁྱོད་ཀྱིས་རྟག་ཏུ་ཟ་ཆོག་ཆོག་ཡིན། 

གླེན་མ། ཁྱོད་རང་མི་ཕོ་དེའི་ཉེ་འགྲམ་དུ་འབྱོར་རོགས། 

བརྩེ་དུང་གི་འདུན་མ་ཁྱོད་ཀྱི་ཤ་གསང་དུ་ཟུག་འདུག 

ཁྱོད་ཀྱིས་ཁོའི་ཁྲག་ཡང་འཐུང་ཆོག 

མི་ཕོ་དེའི་ཁྲག་དམར་ནི་ཁྱོད་ལ་བཞུར་བའི་རྣམ་དག་ཅིག 

གླེན་མ་ཁྱོད་ཀྱིས་དམ་བཅའ་ཤོར་བའི་མི་བུ་དེ་དྲན་ནམ། 

དྲན་ཤ་སྟག་ཡིན། དྲན་ཡང་ཆོག་ཆོག་ཡིན། 

ཡིན་ནའང་། ཁྱོད་ཀྱི་བསམ་གཞིགས་ཤིག་འཁོར་དང་། 

ཁྱོད་ཀྱིས་ཤ་ཟ་ཆོག་པ་དང་ཁྲག་ཡང་འཐུང་ཆོག་པའི་རྔ་འོད་དེར། 

དཀར་གསལ་གྱི་འཇིག་རྟེན་ཞིག་མི་སྐྲུན་དོན་ཅི། 

ལ་མགོའི་སྨུག་པའི་ཁྲོད་དུ་འཐིམ་པའི་རྔ་འོད།


ཀུ་རེའི་འཛུམ་དཀར་འཁྲུངས་བའི་གླེན་མ། 

སྐྱོ་ངལ་གྱི་སྐད་ངག་རྒྱུ་བའི་གླེན་མ། 

འབྱུང་འགྱུར་ལ་རེ་བ་བཅངས་བའི་གླེན་མ། 

རེ་སྒུག་གི་རྔུལ་ཆུ་བཞུར་བའི་གླེན་མ། 

གླེན་མ། གླེན་མ། གླེན་མ། 

མི་བུ་ཞིག་གི་ཡོད་ཚད་བརྐུས་ཟིན་པའི་གླེན་མ། 

ཁྱེད་ཉིད་མགྱོགས་པར་ཁོ་བོའི་ཉེ་བར་འབྱོར་དང་།

  • ལེ་ཚན་སྔོན་མ།:དྲིན་ཆེན་ཏང་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:ནོར་ལྷ། ཁྱོད་ཀྱི་བརྩེ་བ་ང་ལ་འཇོག་རོགས།