དྲིན་ཆེན་ཏང་ལ་བསྟོད་པ།

དགོན་བསྟོད་བསྟན་འཛིན།        2018-06-06

དཔྱིད་ཀྱི་དྲོད་འཇམ་ཚེས་པའི་དུས།།

དགུན་གྱི་གྲང་ངར་མ་བརྗེད་རོགས།།

བདེ་སྐྱིད་ཐོབ་པའི་སྐྱེ་བོ་དག།

མགོན་སྐྱབས་ཏང་གི་དྲིན་མ་བརྗེད།།


མགོ་ནག་མི་ཡི་སྐྱབས་མགོན་ཡིན།།

དེངས་རབས་འདི་ཡི་སྒྲོན་མེ་ལགས།།

མེས་རྒྱལ་འདི་ཡི་བདག་པོ་སྟེ།།

འཛམ་གླིང་ཞི་བདེའི་རྒྱན་ཆ་འོ།།

དབུ་ཁྲིད་ལེགས་པོའི་ཁྲིད་སྟོན་འོག།

རྒྱལ་དམངས་དཔལ་འབྱོར་སྟོབས་ཕྱུག་ལྡན།།

ཉམ་ཆུང་རིགས་གཞན་རོགས་རམ་བྱས།།

རྒྱལ་སྤྱིའི་འབྲེལ་མཐུན་དམ་པོར་བཙུགས།།


གཙོར་འཛིན་མཆོག་གི་དགོངས་པ་ལས།།

འཁྲུག་རྩོད་དོར་ནས་ཞི་བདེ་བླང་།།

རྒྱལ་ཁབ་ཡོངས་ལ་མཐུན་སྒྲིལ་མཛད།།

འཛམ་གླིང་ཞི་བདེའི་མདུན་ལམ་བཀོད།

དབུལ་པོ་བསྐྱངས་ནས་དབུལ་ཞྭ་དོར།།

ཐབས་དང་ཤེས་རབ་བློ་གྲོས་ཀྱིས།།

དབུལ་མི་གཅིག་ཀྱང་མ་ལྷག་པར།།

དུས་ཐོག་འབྱོར་འབྲིང་འཚོ་བར་བསྐྱོད།།


དམངས་ཕྱུག་བཀོད་བཟང་ས་མཐོར་ཁྱབ།།

འབངས་མིའི་སྙིང་སྟོབས་རྫོགས་མེད་སྤེལ།།

ལམ་གློག་ཆུ་སོགས་འདོད་ཡོན་ཀུན།།

ནོར་བུའི་དགོས་འདོད་ཀུན་ལ་འབྱུང་།།


  • ལེ་ཚན་སྔོན་མ།:ང་ཚོ་བྱིས་པའི་དུས་སྟོན་རོལ་དུ་འགྲོ།
  • ལེ་ཚན་རྗེས་མ།:གླེན་མ།