དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

གངས་དབང་གིས།        2018-05-31

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།།

རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།

རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།

རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ།།

   ཅེས་གསེར་གྱི་ཞུན་མ་ལྟ་བུའི་སྙན་ཚིག་ཤོ་ལོ་ཀ་དེ་ནི་བདེན་དོན་སྲོག་ལས་གཅེས་ཤིང་མཐར་རང་སྲོག་བློས་བཏང་བའི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་ལྷ་ས་སྣང་རྩེ་ཤག་བཙོན་ཁང་ནས་ཧོར་ཁང་བསོད་ནམས་དཔལ་འབར་ལ་བརྩམས་འཕྲོར་ལྷག་པའི་རྒྱལ་རབས་དེབ་ཐེར་དཀར་པོའི་མཇུག་ཏུ་འགོད་དགོས་ཞེས་གནང་བའི་ཚིགས་བཅད་ཤོ་ལོ་ཀ་ཞིག་ཡིན་ལ་བརྗོད་བྱའི་བསྟན་དོན་སྙིང་པོ་ནི་རྩོམ་པ་པོ་རང་གིས་རང་རིགས་ལ་བཅངས་པའི་བླ་ལྷག་གི་དུངས་སེམས་དང་ལྷད་མེད་ཀྱི་ལྷག་བསམ་དཀར་པོའི་འོད་མདངས་རྣམ་པར་འཕྲོས་པ་དེས་རང་ཡུལ་ཁ་བ་ཅན་གྱི་རྗེ་པོ་དང་འབངས་མི་སེར་ལ་རང་གིས་ཅི་འཇོན་གང་ཐུབ་ཀྱིས་ཞབས་འདེགས་ཅུང་ཟད་ཞུ་ཞེས་མི་འདོད་རྐྱེན་ངན་བར་ཆད་ཀྱིས་དེབ་དཀར་བརྩམས་འཕྲོར་ལྷག་པར་ཡིད་སེམས་ཕངས་པ་དང་འུ་ཐུག་ཐབས་ཟད་ཀྱི་སེམས་ཁམས་ཕྱི་རུ་མངོན་གསལ་དུ་དོད་པ་ཞིག་རེད། 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

 མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལྷ་ས་སྣང་རྩེ་ཤག་བཙོན་ནས་ཧོར་ཁང་བསོད་ནམས་དཔལ་འབར་ལ་གནང་བའི་ཕྱག་བྲིས། 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

ཤོ་ལོ་ཀ་དེའི་པར་ཤིང་།

   འོན་ཀྱང་དེང་སང་གསར་སྐྱེས་བློ་གསར་གང་མང་ཞིག་གིས་བསྲེག་བཅད་བརྡར་བའི་གསེར་ལ་ཨུ་ཚུགས་ཀྱིས་ལྷད་བརྒྱབ་པ་ལྟར་ལ་ལ་ཡིས་རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་རང་ལ་འབྲེལ་སྒྲ་དང་ནུས་པ་ལ་བྱེད་སྒྲ་བཞག་ཅིང་། འགའ་ཞིག་གིས་རང་གིས་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་རང་དང་ནུས་པ་གཉིས་པོ་ལ་བྱེད་སྒྲ་བཞག་འདུག སྤྱིར་ནུས་པ་ཞེས་པ་གཅིག་ནི་བྱ་ཚིག་ལ་འཇུག་སྟེ་འཇོན་པའམ་ཐུབ་པའི་དོན་ཏེ། དཔེར་ན། བྱ་བ་དེ་ངས་སྒྲུབ་ཐུབ་པའམ་ནུས་པ་ལྟ་བུ་དང་། གཞན་ཞིག་ནི་མིང་ཚིག་ལ་འཇུག་སྟེ་དཔེར་ན་ང་ཡི་ནུས་པ་དང་འཇོན་ཐང་ལྟ་བུའོ།།སྐབས་སུ་བབས་པའི་མ་ཡིག་ནང་གི་ནུས་པ་ནི་བྱ་ཚིག་ལ་འཇུག་སྟེ་རྩོམ་པ་པོ་རང་གིས་འཇོན་པ་དང་ཐུབ་པའི་དོན་ཡིན་པས་རང་ལ་བྱེད་སྒྲ་དང་ནུས་པ་ལ་འབྲེལ་སྒྲ་འཇོག་དགོས་པ་ལས་བྱ་ཚིག་གི་མཐའ་ལ་བྱེད་སྒྲ་བཞག་པ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་ཡང་མི་མཐུན་ནོ།།

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

   འགའ་ཞིག་གིས་རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་པའམ་རང་གིས་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་གང་བྲིས་ནའང་འགལ་བ་མེད་དོ་སྙམ་ན། དེ་ཡང་ཚིག་འགྲོས་དང་བྱེད་འབྲེལ་གྱི་འཇུག་ཚུལ་ལ་ནོར་འཁྲུལ་མེད་པ་བདེན་མོད། སྐྱོན་འདི་ལྟར་མཆིས་ཏེ།

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

 གཅིག་ནི་མཁས་དབང་དགེ་ཆོས་ཁོ་རང་གིས་རང་གིས་ཅི་འཇོན་གང་འཇོན་དང་ཅི་ཐུབ་གང་ཐུབ་ཀྱིས་རང་སྡེའི་རིགས་ལ་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་ཁེངས་སྐྱུང་བའི་ཉམས་ཤིག་བསྟན་པའི་དགོངས་པ་དང་འགལ་ཞིང་། 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

   གཉིས་ནི་སྙན་ངག་གི་བརྗོད་བྱའི་དོན་གྱི་ཉམས་ལའང་རྨས་སྐྱོན་ཤོར་ཏེ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་དང་རང་གིས་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་རང་དང་ནུས་པ་ལ་བྱེད་འབྲེལ་གྱི་ཕྲད་སྦྱར་སྟངས་མི་འདྲ་བ་ཡིས་བརྗོད་དོན་ཡང་མི་འདྲ་བར་གྱུར་ཟིན་ཏེ། དང་པོ་ནི་རང་གི་ནུས་པ་ལ་བརྟེན་ནས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་པའི་དོན་དང་གཉིས་པ་ནི་བྱེད་པ་པོ་རང་གིས་བྱེད་པ་ནུས་པ་ཡིས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་པའི་དོན། 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

 གསུམ་པ་ནི་རྩོམ་པ་པོས་རང་གིས་འཇོན་ཚད་དམ་ནུས་ཚད་ཀྱིས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་པའི་དོན་ཡིན་ལ་ཅུང་ཟད་ཅེས་པའི་ཐ་སྙད་དང་ཟུང་དུ་སྦྲེལ་ཚེ་ཚིག་དོན་གཉིས་ཀ་ལ་དང་པོ་དང་གཉིས་པ་ལས་རྩོམ་གྱི་ཉམས་ཕུན་སུམ་ཚོགས་ཤིང་ཀློག་པ་པོའི་ཡིད་འཕྲོག་ལ་བསམ་གཞིག་གི་བར་སྟོང་ཆེན་པོ་འབྱེད་པའི་ནུས་པའང་ལྡན་ནོ།།ཡིད་མ་ཆེས་ན་ཚིགས་བཅད་མི་འདྲ་བ་དེ་གསུམ་པོ་སོ་སོར་ཀློགས་དང་ངག་གི་འགྱུར་ཁུག་དང་ཚིག་གི་རོལ་དབྱངས་བཅས་ཐ་དད་དུ་འགྱུར་ངེས། གཞན་ཡང་། སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ལགས་པས་ཐ་སྙད་ཀྱི་བཀོད་སྒྲིག་དང་ཕྲད་རྣམ་དབྱེ། མིང་ཚིག་དང་བྱ་ཚིག རྒྱན་ཚིག་སོགས་ཀྱི་སྦྱོར་ཚུལ་ནི་ཧ་ཅང་གལ་ཆེ་བས་མ་ཡིག་ནང་ལྟར་རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་བྲིས་ན་ཞི་བའམ་ཁེངས་སྐྱུང་པའི་ཉམས་དང་ལྡན་པས་སྙན་ངག་གི་རྩོམ་གཤིས་དང་སྒྱུ་རྩལ་གྱི་མྱོང་རོལ་ཁྱད་མཚར་དུ་གྱུར།

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

  དཔལ་དོན་གྲུབ་རྒྱལ་གྱིས་མགུར་གྱི་ཉམས་འགྱུར་གྱི་སྐོར་ལ་དཔྱད་པ་བརྗོད་དུས། གཞན་ཡང་། ས་པཎ་གྱིས་མཁས་འཇུག་ཏུ་གསུངས་པའི་ཞི་བའི་ཉམས་ཀྱང་དགོས་མཁོ་ཤིན་ཏུ་ཆེ་སྟེ། ཞི་བ་ནི་ང་རྒྱལ་དང་རྒྱགས་ཤིང་དྲེགས་པའི་ཆོས་སྤོང་བའོ་ཞེས་པ་ལྟར། ཁེངས་པ་སྐྱུང་བའི་ཉམས་ཤིག་ཡིན་པ་དང་། ཁེངས་སྐྱུང་བྱེད་པ་ནི་མི་རྣམས་ཀྱི་ལུས་ངག་གི་སྤྱོད་ལམ་མཛེས་པ་ཞིག་ཡིན་པར་མ་ཟད། སྔོན་བྱོན་མཁས་པ་རྣམས་ཀྱིས་མཛད་པའི་ལྗགས་རྩོམ་ནང་དུའང་ཞི་བའི་ཉམས་ཀྱི་སྙན་ངག་དང་མགར་གླུ་མི་ཉུང་བ་ཞིག་མཆིས་ལ། ལྷག་པར་དུ་རང་རེའི་འཚོ་བའི་ནང་དུ་མི་ཁེངས་སྐྱུང་ཅན་ངག་ཀྱང་ཁེངས་སྐྱུང་ཅན་སྨྲ་བ་ཤིན་ཏུ་མང་བས། ཞི་བའི་ཉམས་འདི་ནི་དོར་བྱའི་གནས་མ་ཡིན་ནོ།། ཞེས་གསུངས་ཡོད་པས་ང་ཚོ་མཁས་པའི་རང་ཚུགས་སྟོན་ལ་དགའ་བའི་རྒན་པ་དང་གསར་གཏོད་ལ་ཁག་དཀྲི་བར་ལོབས་པའི་ན་གཞོན་རྣམས་ཀྱིས་སྦྲུལ་ལ་རྐང་པ་འདོགས་པ་ལྟ་བུའི་རྣམ་ཐར་བསྐྱངས་ཏེ་སྙན་ཚིག་ཤོ་ལོ་ཀ་དེའི་ཚིག་དོན་གྱི་ཉམས་ལ་བགེགས་དང་བར་ཆད་མ་གཏོང་རོགས་ཞེས་ནན་གྱིས་ཞུས་པ་ལགས།། 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་བྲིས་ལག་བསྟར་མ། 

དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

ནུབ་བོད་ལེགས་བཅོས་སྐྱིད་སྡུག་གི་ལག་འཁྱེར། 


  • ལེ་ཚན་སྔོན་མ།:རྩིང་བ་དཀོན་བྷེའི་རང་མོས་སྙན་ངག་གི་དོན་གནད་ལ་རགས་ཙམ་ལྟ་བ།༼ཞར་བཀོད་གཅིག༽
  • ལེ་ཚན་རྗེས་མ།:༄༅།། བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།