2018ལོའི་ཐེངས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་གྱི་བྱེད་སྒོ་དར་མདོར་སྤེལ་འགོ་ཚུགས།

སྐལ་ཐུབ་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།        2018-05-23

2018ལོའི་ཐེངས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་གྱི་བྱེད་སྒོ་དར་མདོར་སྤེལ་འགོ་ཚུགས།

      2018ལོའི་ཐེངས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་གྱི་བྱེད་སྒོ་དར་མདོར་སྤེལ་འགོ་ཚུགས།

      སྤྱི་ཟླ5པའི་ཚེས21ཉིན། ཁུལ་དང་དར་མདོ་གྲོང་ཁྱེར་གྱིས་གཙོ་གཉེར་བྱེད་པའི་དར་མདོའི་ས་ག་ཟླ་བའི་དུས་ཆེན་གྱི་བྱེད་སྒོའི་ཡ་གྱལ་དུ་གྱུར་པའི2018ལོའི་ཐེངས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་དར་མདོར་འགོ་ཚུགས་པ་རེད། 

      ཐེངས་འདིའི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་དུ་སྐད་གྲགས་ཅན་གྱི་ཁེ་ལས17དང་། ཞིང་འབྲོག་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང16  ཡུལ་སྐོར་ཁེ་ལས11 རིག་གནས་གསར་རྩོམ་ཁེ་ལས10 གློག་རྡུལ་ཚོང་ལས་ཁེ་ལས10 དབུལ་ཕོངས་ཆེད་ལས་མཉམ་ལས་ཁང8 ཁྱད་ཆོས་ལྡན་པའི་སིལ་ཟས་འཚོང་མཁན8བཅས་ཞུགས་ཡོད་པ་རེད།

2018ལོའི་ཐེངས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་གྱི་བྱེད་སྒོ་དར་མདོར་སྤེལ་འགོ་ཚུགས།
 

      གསར་འགོད་པས་དར་མདོའི་རྒྱུན་དྭངས་ཆུ་མིག་ཡོད་ས་ནས་དར་མདོའི་མཛའ་གཞས་མགྲོན་ཁང་ཆེན་མོའི་བར་གྱི་ཁྲོམ་ལམ་གསར་པ་རུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་ཤིན་ཏུ་ཆེ་བ་མཐོང་སྟེ། མི་ལ་ལས་ཁྱད་ཆོས་ལྡན་པའི་སིལ་ཟས་དང་སྔོ་ཚལ་སོ་མ། ཞིང་ལས་ཁྱད་ཆོས་ཐོན་རྫས། མཐོ་སྒང་གི་བཟའ་བཅའ་བཅས་ལ་ལྟ་ཞོར་དང་ཟ་ཞོར། ཉོ་ཞོར་བྱེད་བཞིན་ཡོད་པ་དང་། འགའ་ཞིག་གིས་གཟུགས་མེད་རིག་གནས་ལག་རྩལ་ཐོན་རྫས་དང་ཡུལ་སྐོར་ཐོན་རྫས་སོགས་ལ་ལྟ་བཞིན་ལག་ཁྱེར་ཁ་པར་བླངས་ཏེ་འཕྲིན་ཕྲན་སོགས་བརྒྱུད་ནས་དྲྭ་ཐོག་རང་གི་ཡིད་ལ་འོང་བའི་ཅ་ལག་ཉོ་བཞིན་འདུག རིག་གནས་གསར་རྩོམ་དང་ཡུལ་སྐོར་ལ་དགའ་མཁན་ཁ་ཤས་ཀྱིས་རིག་གནས་གསར་རྩོམ་བརྩམས་ཆོས་དང་ལྗོངས་ཁུལ་གྱི་འགྲོ་ལམ་དང་སྒོ་འཛིན་བཅས་ཀྱི་གནས་ཚུལ་རྒྱུས་བྱེད་བཞིན་འདུག 

      ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་ནི་དེ་སྔོན་དར་མདོས་ས་ག་ཟླ་བར་སྤེལ་བའི་དངོས་ཟོག་སྤེལ་རེས་འདུ་ཚོགས་ཀྱི་རྒྱུན་སྐྱོང་བ་ཡིན་ཞིང་། སྤེལ་བའི་དུས་ཡུན་ནི་ཚེས21ནས23བར་ཡིན་ལ། འཛས་སྤྱོད་པ་ཚོས་ཡུལ་དངོས་སུ་ཕྱིན་པ་དང་ཡང་ན་ཁམས་པའི་དྲྭ་ཐོག་ཚོང་ཁྲོམ་སོགས་བརྒྱུད་ནས་རང་ལ་དགོས་པའི་ཅ་ལག་སྣ་ཚོགས་ཉོ་ཆོག་པར་མ་ཟད་དངོས་ཟོག་སྤུས་དག་ལྷད་མེད་ཡིན་ཞིང་གོང་ཁེ་མོ་ཡང་ཡིན་པས་བློ་བདེ་ཆོག་པ་རེད། དེ་མིན་དྲྭ་ཐོག་གོང་བདེ་མོའི་བྱེད་སྒོ་སྣ་ཚོགས་ཀྱང་སྤེལ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས2018ལོའི་སྲིད་གཙང་ལས་དོན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ཞིང་སྡེའི་བཞི་ཡག་གཞུང་ལམ་བསྐྲུན་ནས་མང་ཚོགས་ཀྱི་འགྲོ་འདུག་ཆ་རྐྱེན་ཇེ་ཡག་གཏོང་།
  • དོ་སྣང་ཆེ་བའི་རྩོམ།