གསེར་ཐར་རྫོང་གིས2018ལོའི་སྲིད་གཙང་ལས་དོན་གྱི་ཚོགས་འདུ་འཚོགས།

ཚུལ་ཁྲིམས་བློ་གྲོས།        2018-05-23

      སྤྱི་ཟླ5པའི་ཚེས16ཉིན་གྱི་ཕྱི་དྲོར། གསེར་ཐར་རྫོང་སྲིད་གཞུང་གིས2018ལོའི་སྲིད་གཙང་ལས་དོན་ཚོགས་འདུ་འཚོགས་པ་རེད།

  ཚོགས་འདུའི་ཐོག2017ལོའི་ཏང་སྲོལ་སྲིད་གཙང་ལས་དོན་དང་རུལ་སུངས་འགོག་རྒོལ་ལས་དོན་ཕྱོགས་བསྡོམས་བྱས་པ་དང2018ལོའི་སྲིད་གཙང་ལས་དོན་ཐད་བླང་བྱ་བཏོན་ཡོད་པ་རེད། 

  བླང་བྱ་བཞི་ནི་ལས་ཁུངས་སོ་སོའི་འགན་འཛིན་པས་རང་གི་དཔུང་སྡེ་ལ་དོ་དམ་ལེགས་པོ་བྱ་དགོས་དང་གཅིག  གཞུང་དོན་སྣེ་ལེན་ཁྲོད་ཆང་གོང་ཆེན་སོགས་ཚད་གཞི་ལས་བརྒལ་བའི་སྣེ་ལེན་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱ་དགོས་དང་གཉིས། སྲིད་གཞུང་གི་ལས་གཞི་འཛུགས་སྐྲུན་ཁྲོད་མ་དངུལ་དོ་དམ་ལེགས་པོ་དང་སྒོས་སུ་ལས་གཞི་གཙོ་གཉེར་ལས་ཁུངས་ཀྱིས་ལས་ཀའི་སྔ་ཕྱི་བར་གསུམ་དུ་ལྟ་ཞིབ་ལེགས་པོ་བྱ་དགོས་དང་གསུམ། ལས་བྱེད་ཡོངས་ཀྱིས་འགན་འཁྲི་གཙང་ལེན་བྱས་ཏེ་སྲིད་གཙང་གི་དཔེ་སྟོན་ཐུབ་པའི་ལས་བྱེད་ཞིག་ཡོང་བར་འབད་འབུངས་བྱ་དགོས་དང་བཞི།

  ཚོགས་འདུའི་ཐོག་བསྟན་དོན། གཅིག་ནི་སྲིད་གཙང་ལས་དོན་ནི་རྒྱ་ཆེ་ཞིང་ཕུགས་རིང་བའི་ལས་དོན་ཞིག་ཡིན་པས། ནམ་རྒྱུན་ལས་བྱེད་པ་ཡོངས་ཀྱིས་རང་སེམས་གཙང་མ་ངང་ནས་མི་དམངས་ལ་ཞབས་འདེགས་ཞུ་དགོས། གཉིས་ནི་སྲིད་གཙང་ལས་དོན་འདི་དངུལ་རྐྱང་རྐྱང་དང་འབྲེལ་བ་ཙམ་མ་ཡིན་པར། མང་ཚོགས་ལས་དོན་ལ་མཐོང་ཆེན་མི་བྱེད་པ་ཡང་སྲིད་གཙང་དང་འབྲེལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་རེད།  གསུམ་ནི་སྒྲིག་ལམ་ནན་མོ་བཞག་ནས་ལས་བྱེད་པ་ཡོངས་ཀྱིས་རང་གཅུན་ཐུབ་པར་འབད་དགོས། ད་སྔ་ང་ཚོས་དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་གནས་པའི་གནད་དོན81ལ་ཞིབ་བཤེར་བྱས་ཤིང་། སྒྲིག་ཁྲིམས་དང་འགལ་མཁན་གྱི་ལས་བྱེད10ལ་ཆད་གཅོད་བྱས་ཡོད།  བཞི་ནི་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་ལས་ཁུངས་སོ་སོས་ལས་སྒོར་ཆ་རྒྱུས་ཅན་དང་མི་གཞི་བཟང་བོ་ཅན་མངགས་ཏེ་མང་ཚོགས་ལ་ལས་སྒྲུབ་ཁོར་ཡུག་སྟབས་བདེ་ཞིག་བསྐྲུན་དགོས། ལྔ་ནི་ལས་ཁུངས་སོ་སོའི་འགན་འཛིན་པས་ཁྲིམས་ལྟར་དྲང་བདེན་སྒོས་དབང་ཆ་བེད་སྤྱོད་བྱ་དགོས། དྲུག་ནི་ཁྱབ་ཁོངས་གལ་ཆེན་ཏེ་ཐུན་མོང་གི་མ་དངུལ་དང་རྒྱལ་དབང་མ་རྩའི་དོ་དམ། འོས་འཇུག་ལས་དོན་དང་རྒྱལ་དབང་ས་ཞིང་ལ་ལྟ་སྐུལ་དོ་དམ་ནན་མོ་བྱ་དགོས། བདུན་ནི་ལས་བྱེད་པ་ལ་ལས་མང་ཚོགས་ལ་གདོང་ལེན་བྱེད་མི་ཕོད་པ་དང་མང་ཚོགས་ཀྱི་རེ་ཞུ་ལ་ཉན་མི་བསམ་པ། མང་ཚོགས་ཀྱི་དཀའ་ངལ་འབྱུང་རྐྱེན་ལ་འཚོལ་བཤེར་བྱེད་མི་བསམ་པའི་གནད་དོན་དག་ལས་འགག་སྒྲོལ་བྱ་དགོས།།


  • ལེ་ཚན་སྔོན་མ།:བརྒྱད་ཟིལ་ཐང་མགོ་འབྲོག་པས་བདེ་སྐྱིད་འཚོ་བར་ཉམས་སུ་མྱོང་།
  • ལེ་ཚན་རྗེས་མ།:2018ལོའི་ཐེངས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་གྱི་བྱེད་སྒོ་དར་མདོར་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།