རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་པེ་ཅིན་ནས་འཚོགས་པ།

མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།        2018-05-22

རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་པེ་ཅིན་ནས་འཚོགས་པ།

  རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

  རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ་བསགས་པའི་དངོས་པོའི་རྨང་གཞི་བཀོལ་སྤྱོད་བྱེད་དགོས་ལ། ཤུགས་ཚད་ཇེ་ཆེར་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་ནས། རང་རྒྱལ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཐོག་ཏུ་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་བཅས་ཚོགས་ཆེན་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྤྱི་སྡོམ་གསུང་བཤད་གནང་།
    ཞི་ཅིན་ཕིང་གིས་གསུངས་རྒྱུར། དུས་རབས་གསར་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་བྱེད་ན་ངེས་པར་དུ་གཤམ་གྱི་རྩ་དོན་འགའ་རྒྱུན་འཁྱོངས་བྱེད་དགོས། གཅིག མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མར་གྲོན་ཆུང་དང་ཐོག་མར་སྲུང་སྐྱོབ་བྱེད་པ་དང་རང་བྱུང་སླར་གསོ་གཙོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མིག་ལ་སྲུང་སྐྱོབ་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་བྱེད་དགོས་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལའང་གཅེས་སྤྲས་བྱས་ནས། རང་བྱུང་སྐྱེ་ཁམས་སྔར་ལས་མཛེས་སྡུག་ཅན་དུ་སྒྱུར་དགོས། གཉིས། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པས། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྣམ་པ་དང་ཐོན་ལས་སྒྲིག་གཞི། ཐོན་སྐྱེད་རྣམ་པ། འཚོ་བའི་རྣམ་པ་བཅས་མྱུར་དུ་ཆགས་པར་བྱས་ནས་རང་བྱུང་སྐྱེ་ཁམས་སྔར་ལས་མཛེས་སྡུག་ཅན་དུ་སྒྱུར་དགོས། གསུམ། སྐྱེ་ཁམས་ཁོར་ཡུག་ལེགས་པར་བྱེད་པ་ནི་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པས། སྐྱེ་ཁམས་ལ་བརྟེན་ནས་མི་དམངས་ལ་ཁེ་ཕན་སྐྲུན་པ་དང་མི་དམངས་ཀྱི་དོན་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱེལ་བའི་འབུར་ཐོན་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ་དང་མི་དམངས་ཀྱི་ཉིན་རེར་འཕར་བའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྔར་ལས་སྐོང་དགོས། བཞི། རི་ཆུ་ནགས་གསུམ་སོགས་ནི་ཚེ་སྲོག་གཅིག་པའི་ཚོགས་པ་ཡིན་པས། གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་སྲིད་ཇུས་དང་བྱེད་ཐབས་མཉམ་དུ་དམ་འཛིན་བྱས་ཏེ། ཁྱོན་ཡོངས་དང་ས་ཁོངས་ཡོངས། བརྒྱུད་རིམ་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་བྱེད་དགོས། ལྔ། ཆེས་གཟབ་ནན་ཡིན་པའི་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། དྲུག འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་འཆར་འགོད་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ཁྲོད་དུ་ཧུར་ཐག་སྒོས་ཞུགས་ཏེ། འཛམ་གླིང་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཐག་གཅོད་ཇུས་གཞི་ཆགས་པར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་ཁྲིད་སྟོན་བྱེད་དགོས་ཞེསས་གསུངས། 
   ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་མ་ཟད་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་མ་ལག་གསར་སྐྲུན་བྱེད་པ་དང་ལམ་ལུགས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱེད་པ་དང་། བཙོག་བཟོ་འགོག་བཅོས་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཞེས་གསུངས། 
   ཧན་ཀྲིན་གྱིས་སྤྱི་སྡོམ་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁུར་བསམ་པ་དང་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསལ་བོར་ཤེས་པར་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཐོག་མར་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་སྐྱོད་དགོས། སྐྱེ་ཁམས་ཁོར་ཡུག་ལེགས་པར་བྱེད་པ་ནི་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པའི་དམིགས་འབེན་དགོངས་དོན་གསལ་བོར་ཤེར་པར་བྱས་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱེལ་བའི་འབུར་ཐོན་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་དགོས། རི་ཆུ་ནགས་གསུམ་སོགས་ནི་ཚེ་སྲོག་གཅིག་པའི་ཚོགས་པ་ཡིན་པའི་རྒྱུད་རིམ་དགོངས་པ་གསལ་བོར་ཤེས་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཚན་རིག་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཇེ་མཐོར་གཏོང་དགོས་ཞེས་གསུངས། 


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་ཁྲི195ལྷག་ཉར་ཚགས་བྱས།
  • ལེ་ཚན་རྗེས་མ།:ཧྲའན་ཤིས་གནའ་རྫས་རྟོག་ཞིབ་ཀྱིས་ལོ་བཅུའི་རིང་གསར་དུ་རྙེད་པའི་རིག་དངོས་རྩེ་གྲ་འགྲེམ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།