ལི་ཐང་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས།

དབྱངས་ཅན་དང་ཀུན་དགས་བསྒྱུར།        2018-05-21

ལི་ཐང་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས།

      སྦྲ་གུར་ནང་གི་མཚན་མོ་སློབ་གྲྭ

      སྤྱི་ཟླ5པའི་ཚེས8ཉིན་གྱི་ས་སྲོས་ལ་ལི་ཐང་རྫོང་དགའ་བ་གྲོང་སྡེའི་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་བཅའ་སྡོད་བྱས་པའི་གནས་སྐབས་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་མཚོ་འཕགས་སྨི5000ཡོད་པའི་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་ཅི་འདྲ་བྱས་ནས་དུས་རབས་གསར་པའི་ཚད་ལྡན་གྱི་ཞིང་པ་ཞིག་བྱ་དགོས་རྒྱུས་བརྗོད་བྱ་གཙོ་བོར་བྱས་པའི་སྦྲ་གུར་ནང་གི་མཚན་མོའི་སློབ་གྲྭའི་ནང་སྒྲོག་འགྲེམ་བྱེད་བཞིན་འདུག

      གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་དུས་རབས་གསར་པའི་ཞིང་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་བསམ་བློའི་ངོས་འཛིན་ཇེ་དྲག་ཏུ་བཏང་ནས་དུས་རབས་གསར་པའི་ཞིང་པ་མང་ཚོགས་ཀྱི་བླང་བྱ་དང་རེ་འདུན་དང་ལེན་བྱ་དགོས། བསམ་བློ་དང་བྱ་སྤྱོད་སོགས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། ང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དམ་འཛིན་བྱས་ཏེ་འཚོ་གནས་ཀྱི་རྣམ་པ་དེ་འཚོ་བའི་རྣམ་པར་བསྒྱུར་དགོས་པ་རེད། དབྱར་རྩྭ་དགུན་འབུར་བརྟེན་ནས་འཚོ་གནས་བྱེད་ཐབས་ནི་ཡུན་རིང་གི་ཐབས་ཇུས་ཤིག་མ་རེད་ལ་ཞིང་ལས་འཕྲུལ་ཆས་འགའ་བཀོལ་སྤྱོད་བྱེད་ཤེས་རྗེས་དུས་རབས་གསར་པའི་ཞིང་པ་ཞིག་ཡིན་སྣང་ཤར་བ་ནི་ནོར་འཁྲུལ་རེད། ང་ཚོས་སྔར་ལྷག་གིས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་ཅིང་།སྤྱོད་གོ་ཆོད་པའི་ལག་རྩལ་ཐད་སློབ་སྦྱོང་བྱ་རྒྱུ་དང་དབུལ་ཐར་ཕྱུག་འགྱུར་གྱི་ཉམས་མྱོང་སྐོར་སློབ་སྦྱོང་ཡག་པོ་བྱ་དགོས། ཐེངས་འདིའི་མཚན་མོའི་སློབ་གྲྭར་ཞུགས་པའི་ཞིང་འབྲོག་མང་ཚོགས160ལྷག་གིས་མཉམ་གཅིག་ཏུ་དགའ་བསུ་ཆེན་པོ་བྱས་པ་རེད།

      ཉི་མ་ཚེ་རིང་གིས་གནས་སྐབས་ཏང་ཀྲི་པུའུ་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་བསྡད་ཡོད་ཅིང་། ཁྱོད་ཚོར་དཀའ་ངལ་ཅི་ཡོད་པ་དང་གནད་དོན་ཅི་ཞིག་ཐག་གཅོད་བྱ་དགོས་ན་ཏང་ཀྲི་པུའུ་དང་ཏན་ཡོན་བཙལ་སར་འོང་ཆོག་ལེ་རེད། ང་ནི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ་ཏང་ཡོན་ཡང་ཡིན། ཁྱོད་ཚོར་རོགས་རམ་ཅི་ཐུབ་བྱེད་ངེས་ཡིན། ཁྱོད་ཚོས་ད་དུང《ལི་ཐང་རྫོང་གི་དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ཉེས་ཆད་སྐོར་གྱི་གཏན་འབེབས》ལ་བརྩི་སྲུང་བྱས་ཏེ་གཏན་འབེབས་དང་རྒྱབ་འགལ་གྱི་དོན་དག་མི་སྒྲུབ་པར་འཆམ་མཐུན་མཉམ་གནས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གང་ཐུབ་བྱ་དགོས་ཞེས་བཤད་པ་རེད།

      སློབ་ཁྲིད་ལ་ཉན་རྗེས་བྱ་བཞི་གྲོང་སྡེའི་གྲོང་མི་ཕུན་ཚོགས་ཀྱིས་སྔོན་མ་ཡིན་ན་ང་ཚོ་ཞིང་པ་ཚོ་དུས་རབས་གསར་པ་དང་བར་ཐག་རིང་པོར་གནས་ཡོད་ཅིང་། དེང་སང་ཡིན་ན་དུས་རབས་གསར་པ་དང་ང་ཚོའི་བར་གྱི་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པའི་སྣང་བ་ཞིག་ཤར་འདུག རྗེས་སུ་ང་ཚོའི་འཚོ་བ་དང་གང་ཅིའི་ཐད་ལ་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།།

      དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་སྐོར་སྐྱོད་སློབ་ཁྲིད་བྱས།

      ད་སྔར། ལི་ཐང་རྫོང་གི་གནས་མཆོག་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་སྒྲོག་འགྲེལ་པ་ཨ་སྐྱ་ལུང་པའི་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་ཕྱིན་ནས། མང་ཚོགས་རི་འགོར་མ་ཕྱིན་པའི་སྔོན་ལ་རྩྭ་ཐང་དུ་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་གྱིས་གཙོ་བོར་བྱས་པའི་སྐྱིད་པོ་སླེབས་བྱུང་གི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

      སྒྲོག་འགྲེལ་འདུས་ཚོགས་ཐོག་གཞོན་ནུ་དང་བླངས་པ་བློ་བཟང་བརྩོན་འགྲུས་ཀྱིས་གོ་བདེ་ལ་ཤེས་སླ་བའི་ཁ་སྐད་ཐོག་ནས་ཞིང་འབྲོག་མི་དམངས་ལ་ཐེངས་འདིའི་སྒྲོག་འགྲེལ་བྱེད་པའི་དམིགས་ཡུལ་དང་དོན་སྙིང་ངོ་སྤྲོད་བྱས་པ་དང་ཆབས་ཅིག དུས་རབས་གསར་པ་དང་གཞོན་ནུ་གསར་པ།རྣམ་པ་གསར་པ།བྱས་རྗེས་གསར་པ་བཅས་དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་མི་དམངས་ཀྱི་གཞོན་ནུ་ཚོས་ཁོར་ཡུག་སྲུང་སྐྱོང་དང་། མི་སྒེར་གྱི་གཙང་སྦྲ། སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་དགོས་པ་སོགས་ཀྱི་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཅིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པའི་མི་སེར་ལ་ཤུགས་རྐྱེན་བཟང་པོ་ཆགས་བཅུག་དགོས་པའི་ཁྲིད་སྟོན་བྱས་པ་རེད།

      ཆེས་ཡག་པོའི་དབྱར་རྩྭ་དགུན་འབུ་ནི་སློབ་ཁང་དུ་ཡོད། གཞོན་ནུ་དང་བླངས་པ་ཚེ་རིང་ཕུན་ཚོགས་ཀྱིས་ཟེར་སྲོལ་འདིར་དཔེ་དྲངས་ནས། རང་ཉིད་ཀྱི་སློབ་གཉེར་ལམ་བུ་དང་རང་ཉིད་ཀྱི་དགེ་རྒན་གྱི་ལས་རིགས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་དཀའ་ངལ་ཁྱད་བསད་བྱས་ཏེ་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གང་ཐུབ་བྱ་རྒྱུ་དང་། ཕྲུ་གུ་ཚོར་ཁྱིམ་བདག་གིས་དབྱར་རྩྭ་དགུན་འབུ་བརྐོ་སར་ཕྱིན་རྗེས། བློ་བདེ་མོའི་ངང་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་ལས་དབང་འཕོ་འགྱུར་གཏང་དགོས་པའི་ཁྲིད་སྟོན་བྱས་པ་རེད།།

  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས2018ལོའི་ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཡོངས་འབགས་བསླད་འབྱུང་ཁུངས་ཡོངས་བཤེར་ལས་དོན་ཐེངས་གཉིས་པའི་སྐུལ་སློང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་གྱི་བདེ་འཇགས་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།