རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཐང་གྲུ་གཟིངས་ཐོག་མ་དེ་གྲུ་ཁ་ནས་ཁ་གྱེས།

        2018-05-21

      སྤྱི་ཟླ5པའི་ཚེས13ཉིན་རང་རྒྱལ་གྱི་གནམ་གྲུ་ཐང་གྲུ་གཟིངས་གཉིས་པ་ཏ་ལེན་གྲུ་གཟིངས་བཟོ་གྲྭའི་གྲུ་ཁ་ནས་བྲལ་ཏེ་འབྲེལ་ཡོད་མཚོ་ཁོངས་སུ་མཚོ་ཐོག་ཚོད་ལྟའི་ལས་འགན་བསྒྲུབ་སར་བསྐྱོད་ནས་གཙོ་གནད་སྒུལ་ཤུགས་མ་ལག་སོགས་སྒྲིག་ཆས་ཀྱི་འགན་ལེན་རང་བཞིན་དང་བརྟན་པོའི་རང་བཞིན་ལ་ཞིབ་དཔྱད་བྱས་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། ཚེས13ཉིན་གྱི་ཐོ་རེངས། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཐང་གྲུ་གཟིངས་ཐོག་མ་དེ་ཀྲུང་གོ་གྲུ་གཟིངས་ལྕི་མོའི་བཟོ་ལས་གྲུ་ཆེན་ཚོགས་པའི་གྲུ་ཁ་ནས་དལ་གྱིས་བྲལ་ཞིང་། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཐང་གྲུ་གཟིངས་ཐོག་མ་དེ་གྲུ་ཁ་ནས་བྲལ་རྗེས། རང་བརྟེན་ཞིབ་བཟོ་བྱས་པའི་སྒུལ་ཤུགས་མ་ལག་དང་སྐུལ་འདེད་མ་ལག་གིས་རྒྱ་མཚོའི་ཁོར་ཡུག་གི་ཚོད་བགམ་དངོས་སུ་དང་ལེན་བྱས་ཡོད་ཅིང་འབྲེལ་དམག་འཐབ་དམག་གྲུ་ངོ་མ་ཞིག་ཏུ་འགྱུར་རྒྱུར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་པ་རེད།

      འདི་ནི་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཐང་གྲུ་གཟིངས་ཐོག་མ་དེ་རེད་ལ། རང་རྒྱལ་གྱི་གནམ་གྲུ་ཐང་གྲུ་གཟིངས་ཨང་གཉིས་པ་ཡིན་པ་དེ2017ལོའི་སྤྱི་ཟླ4པའི་ཚེས26ཉིན་ཆུའི་ནང་བཏང་ཞིང་། ཆེད་རམས་པས་ལེའོ་ཉིང་གནམ་གྲུ་ཐང་གྲུ་གཟིངས་དང་བསྡུར་ཚེ། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཐང་གྲུ་གཟིངས་ཐོག་མ་དེ་ཇུས་བཀོད་ནས་བཟོ་བའི་བར་ཚང་མ་རང་རྒྱལ་གྱིས་རང་བརྟེན་ལེགས་སྒྲུབ་བྱས་པ་ཞིག་དང་འབྲེལ་ལེའོ་ཉིང་གནམ་གྲུ་ཐང་གྲུ་གཟིངས་ལ་སྤྱད་པའི་ཉམས་མྱོང་གི་རྨང་གཞིའི་ཐོག་བཟང་སྒྲིག་ཐེངས་མང་བྱས་པར་བརྟེན་ནུས་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། འདི་ཉིད་ཞིབ་བཟོ་དང་བཟོ་ཐུབ་པ་བྱུང་བ་དེས་རང་རྒྱལ་གྱིས་གནམ་གྲུ་ཐང་གྲུ་གཟིངས་འབྲིང་གྲས་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པ་དང་ཕྱིས་སུ་མུ་མཐུད་ནས་གནམ་གྲུ་ཐང་གྲུ་གཟིངས་ཆེ་གྲས་བཟོ་བའི་ནུས་པ་ལྡན་པ་མཚོན་ཡོད་ཅེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཨང་གཉིས་པ་ཐོག་མར་རྒྱ་མཚོར་འགྲོ་བའི་ཚོད་ལྟ་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།