ལེགས་སྐྱེས།

རིན་ཆེན་བློ་གྲོས།        2018-05-18

སྙིང་སྟོབས་ཀྱི་གཤོག་ཟུང་འཇམ་པོ།

བར་སྣང་གི་མཐོངས་སུ་ཡངས་པོར་བརྐྱངས་ཏེ།

ཨ་ཕས་རེ་བའི་ནམ་མཁའ་ལ་འཕུར་དང་།

 

ཚེ་སྲོག་ལ་བསྟར་བའི་སྒྲོན་མེ་དམར་པོས།

ལང་ཚོའི་ཁ་དོག་འཇིག་རྟེན་དུ་སྒྲོན་ནས།

ཨ་མས་ལོ་ཟླའི་དྲན་ཤིང་དེ་སྤོར་དགོས།

 

ཁ་བའི་འོད་ཞུན་འཕྲོ་བའི་ཚེ་སྲོག་རྐང་གཅིག

ཨ་ནུའི་བུ་ཚ་ཞིག་གི་རིན་ཐང་འཁུར་གྱིན།

ཤེས་རིག་གི་ཐང་ཡངས་སུ་བཞུད་དང་།

 

མ་འོངས་པ། འོད་ཀྱི་འཇིག་རྟེན་ཞིག་ཡིན་ངེས་པས།

དབྱངས་གསལ་གྱི་མཛེས་པ་རུས་པར་སིམ་དགོས།

གཅེས་ཕྲུག་ལགས། སྐར་མ་བཤད་སྒྲུབ།


  • ལེ་ཚན་སྔོན་མ།:གངས་ལྗོངས་དག་པའི་ཞིང་ཁམས།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་བསྟོད་པ།