དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།

དཀོན་མཆོག་རྡོ་རྗེ།        2018-05-07

 

དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།


རྒྱལ་བ་རིགས་ལྔའི་བྲག་བརྐོས་རི་མོ།


  2011ལོའི་ཟླ་བ8པའི་ཚེས25ཉིན།དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གཏེར་ལྷུང་ནས་བསྟན་པ་ཕྱི་དར་སྐབས་ཀྱི་རྒྱལ་བ་རིགས་ལྔའི་བྲག་བརྐོས་རི་མོ་རྩ་ཆེན་ཞིག་གསར་རྙེད་བྱུང་།

དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།

བྲག་རིའི་འདབས་ནས་གཟིགས་ཞིབ་གནང་བཞིན་པ།


  ཀྲུང་གོའི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་ཝུན་ཡུས་ཁྲེང་གིས་རྒྱལ་བ་རིག་ལྔའི་བྲག་བརྐོས་རི་མོ་དེ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་བྲག་བརྐོས་རི་མོ་ཡིན་པའི་ངོས་འཛིན་བྱས། རྒྱལ་བ་རིགས་ལྔའི་བྲག་བརྐོས་རི་མོ་དེ་ནི་དཀར་མཛེས་ཁུལ་གྱི་སྡེ་དགེ་དང་དཔལ་ཡུལ་རྫོང་གི་བར་གྱི་གཏེར་ལྷུང་ཞེས་པའི་ས་ཆ་རུ་ཡོད་ཅིང་། རྒྱལ་བ་རིགས་ལྔའི་བྲག་བརྐོས་རི་མོ་དེ་སྔོན་ཆོད་བྲག་ངོས་ཞིག་ཏུ་བརྐོས་ཡོད་ཅིང་། ཕྱིས་ཀྱི་2005ལོར་ས་གནས་དེའི་ཁམས་དམར་དགོན་པས་བྲག་རྩ་རུ་ཁང་པ་ཞིག་བརྒྱབ་ནས་བྲག་བརྐོས་རི་མོ་སྲུང་སྐྱོབ་བྱས་པ་དང་། རི་མོའི་ཐོག་ལ་ཚོན་གསར་རྒྱག་དང་ཞིག་གསོ་ཅུང་བྱས་པས་རི་མོ་དངོས་ལ་འགྱུར་བ་ཅུང་བྱུང་འདུག འོན་ཀྱང་། སྤྱིའི་བཟོ་དབྱིབས་དང་ཉམས་འགྱུར་ལ་གནོད་པ་ཆེན་པོ་ཐེབས་མི་འདུག


དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།

རྣམ་པར་སྣང་མཛད།


དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།

རྡོ་རྗེ་སེམས་དཔའ།


དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།

རིན་ཆེན་འབྱུང་ལྡན།


དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།

སྣང་བ་མཐའ་ཡས།


དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།

དོན་ཡོད་གྲུབ་པ།


 རྒྱལ་བ་རིགས་ལྔའི་བྲག་བརྐོས་རི་མོ་དེ་ཐོག་འོག་ཕྲེང་གཉིས་སུ་བརྐོས་ཡོད་ཅིང་། ཐོག་གི་དབུས་སུ་རྣམ་པར་སྣང་མཛད་དང་། ཤར་དུ་རྡོ་རྗེ་སེམས་དཔའ་དཀར་པོ།ལྷོར་རིན་ཆེན་འབྱུང་ལྡན་སེར་པོ།ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ། དེའི་བྲག་ངོས་ཀྱི་སྨི་བཞི་བཅུ་ཡན་གྱི་མཐོ་ཚད་དུ་གསལ་ལ་མི་གསལ་བའི་བྲག་བརྐོས་རི་མོ་དེ་འདུག་ཀྱང་ད་ལྟ་འདྲ་སྐུ་གང་ཡིན་གསལ་པོར་ཆ་མ་འཚལ་ལོ།།

དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།


ཀྲུང་གོའི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་ཝུན་ཡུས་ཁྲེང་གིས་གཟིགས་ཞིབ་གནང་བཞིན་པ། 



  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
  • ལེ་ཚན་རྗེས་མ།:གནས་མཆོག་དཀར་མཛེས་མཛེས་སྡུག་གི་ཁྱིམ་གཞིས།
  • དོ་སྣང་ཆེ་བའི་རྩོམ།