རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།

ར་ཧོར་བ་དགེ་འདུན་དར་རྒྱས།        2018-04-24

རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།

སྤྱིར་རྡོ་རུ་བརྐོས་པའི་གཟུགས་རིས་ལས་སྲོག་ཆགས་དང་འཚོ་བ་མཚོན་པའི་རི་མོ་ནི་དེང་གི་དུས་སུ་ཞིབ་འཇུག་པ་རྣམས་ཀྱིས་གནའ་བོའི་རིག་གནས་ཀྱི་འཕེལ་རིམ་ལ་དཔྱད་བརྗོད་བྱེད་པའི་རྒྱུ་ཆ་གཙོ་བོ་ཞིག་ལ་འཛིན་བཞིན་ཡོད་པ་རེད། རི་མོ་དེ་དག་གིས་དུས་ནམ་ཙམ་ལ་བྱུང་བ་དང་ཚུལ་ཅི་ལྟ་བུའི་སྒོ་ནས་བྱུང་བ་སོགས་ལ་རྗེས་དཔག་བྱེད་ཐུབ་པ་རེད།

རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།

རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།


ང་ཚོ་བྲག་མགོ་རྫོང་རྩང་སྟོད་སྡེ་བའི་མངའ་ཁུངས་སུ་རྡོ་བརྐོས་དང་རྡོ་འབུམ་མང་པོ་ཡོད་པ་ནི་གཡག་སྙིང་རྡོ་རིང་མ། གེར་འཛོང་རྡོ་འབུམ། རྩང་བ་རྒྱལ་པོ་འགོག་པའི་རྡོ་འབུམ། ཀྱུ་མ་དང་ཀ་སྐྱའི་རྡོ་འབུམ། བྱ་བདོའི་རྡོ་འབུམ། རྡོ་ཙོག་མའི་རྡོ་འབུམ། ཞིང་ཐར་མདོའི་རྡོ་འབུམ། ར་ཧོར་རྡོ་འབུམ། ཞིང་ཐར་གནས་ནང་གི་རྡོ་འབུམ་སོགས་གནའ་ནས་ཡོད་ལ་དེའི་ནང་དུ་བརྐོས་རྩལ་འབུར་དུ་ཐོན་པ་ནི་ཞིང་ཐར་གནས་ནང་གི་རྡོ་འབུམ་དེ་ཉིད་ཡིན། འདི་ནི་གནའ་བོའི་རྡོ་འབུམ་ཆུང་ངུ་ཞིག་ཡོད་པའི་ཁར་ཞིང་ཐར་རི་ཁྲོད་དེར་སྒྲུབ་པ་ཚེ་དང་མཉམ་པར་མཛད་པའི་སྟག་རིང་སྨན་ཆེན་ངེས་ལེགས་དང་གོས་རྩའི་ཞང་ཞུང་མོ་ཆེན། ཨ་འཛི་གཞན་ཕན་སོགས་ཡུལ་དེ་གར་བཞུགས་པའི་བླ་གྲྭ་རྡོ་རྐོ་པའི་ལག་རྩལ་ལ་དབང་འབྱོར་བ་རྣམས་ཀྱིས་ཁ་གསོ་མཛད་པ་ཞིག་ཡིན།

རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།

རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།

 

རྡོ་འབུམ་འདིའི་ནང་དུ་རྒྱལ་བའི་བཀའ་འགྱུར། འབུམ། རྡོར་གཅོད། ཤེར་ཕྱིན། ཐར་མདོ། ཚེ་མདོ། མ་ཎི་ཀ་ཆེན། སིདྡྷི་ཀ་ཆེན། ཚེ་བསྙེན། ཕྱག་རྡོར་བསྙེན་པ་སོགས་ལན་ཝར་བོད་གསུམ་གྱི་ཡི་གེ་སུམ་འབེབ་ཅན་གྱི་པ་ཊའི་འོག་ཏུ་བུམ་སྒོ་ལྟ་བུའི་ནང་ས་སྐུ་མེ་རུ་བསྲེགས་ཏེ་བཙུད་པས་ས་གནས་གཞན་དུ་མཐོང་བར་དཀོན་པ་དང་ཕྱི་གླིང་པ་ཡེ་ཤེས་ཆོས་པ་ཞིག་གིས་བརྐོས་པའི་རྒྱ་བོད་དབྱིན་གསུམ་གྱི་ཀ་ཆེན་སོགས་གསུང་གི་སྐོར་དང་། ཚེ་ལྷ་རྣམ་གསུམ། སྤྱན་རས་གཟིགས། ཕྱག་རྡོར། གུ་རུ། སྒྲོལ་མ་དཀར་ལྗང། སྟོན་པའི་ཞབས་རྗེས་རྒྱ་གར་ལུགས། ར་ཧོར་སྐུ་ཆེན་འཇམ་དབྱངས་གྲུབ་པའི་དབང་པོའི་སྐུ། སྨན་ལྷ་མཆེད་བརྒྱད། མཆོད་རྟེན་སོགས་འབག་སྐུ་ལྟ་བུ་འབུར་དོད་མ། ལན་ཝར་བོད་གསུམ་གྱི་མ་ཎི་དཀྱིལ་འཁོར་མཐོང་གྲོལ་སྒོ་དང་བཅས་པ་སོགས་སྐུ་རྟེན་གསུང་རྟེན་མང་། དེ་དག་གི་ནང་དུ་བརྒྱན་བྱེད་རི་མོ་པ་ཊ་དང་གསང་སྔགས་ཀྱི་རི་མོ་སྣ་ཚོགས་དཔེར་ན་རྟགས་བརྒྱད། རྫས་བརྒྱད། འདོད་ཡོན་ལྔ། མེ་ཏོག། ཕུར་བ། རྡོ་རྗེ། ཀ་པ་ལ། དབང་པོའི་མེ་ཏོག། གྲི་གུག། མར་མེ། ཊ་རུ། རྡོ་དྲིལ་སོགས་མང་ངོ་།། ཞེས་པ་འདི་ཉིད་ར་ཧོར་བ་དགེ་འདུན་དར་རྒྱས་ཀྱིས་བྲིས་སོ།།

རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།

རྡོ་བརྐོས་བཟོ་རྩལ་གྱི་ཁྱད་ཆོས་ངོམ་པའི་ཁམས་བྲག་མགོའི་ཞིང་ཐར་རྡོ་འབུམ།


  • ལེ་ཚན་སྔོན་མ།:འཁེལ་འཐག་གི་ཐོན་རྫས་གཙོ་བོ།
  • ལེ་ཚན་རྗེས་མ།:མཁས་དབང་ལྟག་བླ་མ་མཆོག་གི་རྡོ་རྗེ་ཕ་ལམ་སྐོར་གྱི་གསུང་རིན་ཐང་ཅན།
  • དོ་སྣང་ཆེ་བའི་རྩོམ།