རང་ཁུལ་གྱིས་དེང་རབས་ཅན་གྱི་གཞུང་ལམ་མ་ལག་འཛུགས་རྒྱུ།

དབྱངས་ཅན་གྱིས་བསྒྱུར།        2018-04-24

ཟླ་བ4པའི་ཚེས10ཉིན་གསར་འགོད་པས་ཁུལ་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ལས་ཀ་དང་བདེ་འཇགས་ལས་ཀའི་གྲོས་ཚོགས་ཐོག་ཤེས་རྟོགས་བྱུང་དོན། ད་ལོར་གཅིག་གྱུར་སྒོ་འབྱེད་དང་། དྲང་གཞག་འགྲན་རྩོད། ཚད་ལྡན་དང་གོ་རིམ་ལྡན་པའི་གཞུང་ལམ་སྐྱེལ་འདྲེན་གྱི་ཚོང་ར་ཞིག་བསྐྲུན་པར་བརྒྱུད། ལས་ཆོད་ཆེ་ཞིང་སྟབས་བདེ་ཡིན་པ་དང་། ཉེན་མེད་དང་སྤུས་ལེགས། ཁོར་སྲུང་བཅས་ཀྱི་གཞུང་ལམ་སྐྱེལ་འདྲེན་གྱི་འགན་སྲུང་མ་ལག་འཛུགས་གཉེར་བྱ་རྒྱུ་དང་། བཅའ་ཁྲིམས་ལྟར་སྲིད་འཛིན་བྱེད་པ་དང་། གཞུང་དྲང་སྤྱོད་གཙང་། ལས་ཆོད་ཆེ་བའི་འཁོར་སྐྱོད་བཅས་ཀྱི་སྐྱེལ་འདྲེན་དོ་དམ་དཔུང་སྡེ་ཞིག་བཙུགས་ནས། རང་ཁུལ་དེང་རབས་ཅན་དུ་འགྱུར་བའི་ཕྱོགས་བསྡུས་འགྲིམ་འགྲུལ་ཞབས་ཞུའི་མ་ལག་ཞིག་བསྐྲུན་རྒྱུ་རེད།

དུས་སྐབས་གསར་པར་རང་ཁུལ་གྱི་གཞུང་ལམ་སྐྱེལ་འདྲེན་དོ་དམ་གྱི་ལས་འགན་གཙོ་བོར་དམིགས་ཏེ། གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག འཕེལ་རྒྱས་ཀྱི་འདུ་ཤེས། ཚོང་རའི་གཅིག་གྱུར་སྒོ་འབྱེད་ཀྱི་འདུ་ཤེས། ཚོང་རའི་གནས་ཚུལ་ལྟ་སྐུལ་དོ་དམ་གྱི་འདུ་ཤེས། སྤྱི་པའི་ཞབས་ཞུའི་འདུ་ཤེས། བདེ་འཇགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། གཞུང་ལམ་སྐྱེལ་འདྲེན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཁྱད་པར་དུ་གཞུང་ལམ་སྐྱེལ་འདྲེན་གྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་ཡག་པོ་སྒྲུབ་པ་དང་། སྔར་ལས་ལྷག་པར་གཞུང་ལམ་སྐྱེལ་འདྲེན་ལས་རིགས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ། གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་སྤུས་ཚད་དང་ལས་ཆོད་མཐོར་ཕྱིན་པར་སྐུལ་འདེད་གཏོང་བ།ལས་རིགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་སྐུལ་འདེད་ནུས་ལྡན་གཏོང་བ། བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་མཐོར་རུ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བདེ་འཇགས་ཐོན་སྐྱེད་དང་ལས་རིགས་བརྟན་བརླིང་ཡོང་བའི་ལས་ཀ་ཡག་པོ་འཛིན་པ། ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་གྱི་ལས་ཀར་ཤུགས་བརྒྱབ་ཏེ་ཕྱོགས་བདུན་ཐད་ཀྱི་ལས་ཀ་བསྒྲུབ་དགོས།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་རང་ཁུལ་གྱིས་ལོ་འཁོར་ཡོངས་ལ་སྲིད་འཛིན་གྲོང་སྡེ460ལ་འགྲུལ་སྐྱེལ་རླངས་འཁོར་གཏོང་ཐུབ་པ་དང་ཞིང་སྡེའི་འགྲུལ་སྐྱེལ་གཞུང་ལམ4གསར་སྣོན་བྱ་རྒྱུ་རེད། དར་མདོ་དང་ལྕགས་ཟམ་ཁའི་ཞིང་སྡེའི་འགྲུལ་སྐྱེལ་གཞི་གཅིག་ཏུ་གྱུར་པའི་འཕེལ་རྒྱས་གཏོང་ཚུལ་ཁྱབ་གདལ་གཏོང་གང་ཐུབ་བྱེད་པ་དང་། སྡེ་དགེ་དང་སེར་ཤུལ་སོགས་རྫོང་དུ་སྤྱི་པའི་འགྲུལ་སྐྱེལ་རླངས་འཁོར་ས་ཚུགས་འཛུགས་རྒྱུར་ལྟ་སྐུལ་ཁྲིད་སྟོན་བྱེད་པ། ཉག་རོང་དང་བརྒྱད་ཟིལ། ཉག་ཆུ་སོགས་རྫོང་དུ་ཁྱོན་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གཞི་གཅིག་ཏུ་སྒྲིག་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱུན་མཐུད་དེ་རོང་བྲག་དང་སེར་ཤུལ། སྡེ་དགེ། སྡེ་རོང་། བརྒྱད་ཟིལ། དཔལ་ཡུལ་ཡ་ཆེན། གསེར་ཐར་རྣུབ་ཟུར། སྡེ་རོང་སྤུན་གསུམ་སོགས་རྫོང་རིམ་པའི་འགྲུལ་སྐྱེལ་རླངས་འཁོར་ས་ཚུགས8འཛུགས་རྒྱུ་དང་དེ་མིན་ཤང་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་རླངས་འཁོར་ས་ཚུགས10འཛུགས་རྒྱུ་ཡིན་པས། འཆར་གཞི་ལྟར་མ་དངུལ་སྒོར་ཁྲི2000གཏང་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:དུང་དཀར་ལུང་པའི་ལྗོངས་ཁུལ་དུ་འདེབས་འཛུགས་གསོ་སྦྱོང་གི་འཛིན་གྲྭ་བཙུགས།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་གྲོང་སྡེ་རུ་ཁྲིམས་ལུགས་དྲིལ་བསྒྲགས་དང་འགལ་ཟླའི་རྩོད་གཞི་འདུམ་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།