སེར་ཤུལ་རྫོང་གི་ལས་བྱེད་པ་དང་མང་ཚོགས་དཔྱིད་རྨོད་ལས་ལ་བྲེལ།

དབྱངས་ཅན་གྱིས་བསྒྱུར།        2018-04-23

      ཟླ་བ4པའི་ཟླ་གཞུང་དུ་སེར་ཤུལ་ལ་དཔྱིད་དཔལ་གྱི་རང་མདངས་མངོན། ཚེས14ཉིན་སེར་ཤུལ་རྫོང་གི་ཏང་སྲིད་ཁེ་ལས་དོན་ལས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ། སློབ་ཞུགས་སློབ་མའི་འཐུས་ཚབ་དང་མང་ཚོགས་ཀྱི་འཐུས་ཚབ་སོགས་མི1000ལྷག་ལོ་ཕྱུག་གྲོང་རྡལ་དྲན་ཁོག་ཤང་ཆོས་སྡེ་གྲོང་སྡེར་ཕྱིན་ཏེ་གཅིག་བསྡུས་ཀྱིས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད། རིམ་རྩིས་ཀྱིས་སྦྱར་ལྕང་དང་བོད་ལྕང་སོགས་ཀྱི་སྡོང་མྱུག1000ལྷག་བཙུགས་པ་རེད།

      ཉིན་དེའི་ཞོགས་པའི་ཆུ་ཚོད10ཡས་མས་ལོ་ཕྱུག་གྲོང་རྡལ་དྲན་ཁོག་ཤང་ཆོས་སྡེ་གྲོང་སྡེའི་སྡོང་མྱུག་འཛུགས་ཡུལ་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་བྲེལ་བ་ཆེན་པོས་སྡོང་མྱུག་འཛུགས་བཞིན་པའི་རྣམ་པ་མངོན་པ་རེད། ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པའི་མི་ཚོས་སྤྲོ་སེམས་ཆེན་པོས་ལས་ཀ་ཧུར་ཐག་སྒྲུབ་པ་དང་། ཆུ་ཚོད་གཉིས་འགོར་རྗེས་གྲ་སྟར་འགྲིག་པའི་སྡོང་མྱུག་དེ་དག་ཞིབ་བཤེར་བྱེད་པར་སྒུག་བཞིན་པའི་དམག་མི་དག་དང་ཀུན་ནས་མཚུངས་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་མཐོང་ཆེན་བྱས་ཤིང་། ཞིང་འབྲོག་ས་ཁུལ་གྱི་དོན་དངོས་དང་འབྲེལ་ནས་མུ་མཐུད་དེ་ཁོར་སྲུང་ལས་ཀ་སྒྲུབ་ཚུལ་འཚོལ་ཞིབ་དང་གསར་གཏོད་བྱེད་པ་རེད། མིག་སྔར་རྫོང་དེས་ཤིང་འཛུགས་ནགས་བསྐྲུན་བྱེད་རྒྱ་ཆེ་རུ་གཏོང་བཞིན་པ་དང་། རྩྭ་ས་ཉམས་གསོ་དང“གསུམ་འགྱུར”བཅོས་སྐྱོང་བཅས་ཀྱི་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་ཅིང་།འདམ་ར་སྲུང་སྐྱོང་བྱེད་པའི་ལས་ཀ་གོ་རིམ་ལྡན་པའི་སྒོས་སྤེལ་བར་མ་ཟད་ཕྱི་ཡུལ་གྱིས་དོ་ཁུར་བྱེད་བཞིན་ཡོད། 2016ལོའི་ཟླ་བ6པར། རྫོང་དེས་ད་དུང་རྒྱལ་ཕྱི་ནང་གི་སྐད་གྲགས་ལྡན་པའི་འདམ་རའི་ཆེད་རམས་པ9གདན་དྲངས་ནས་རློན་སར་རྟོག་ཞིབ་བྱས་ནས། སྔར་ལས་ལྷག་པར་སེར་ཤུལ་གྱི་རློན་སའི་ཐོན་ཁུངས་གྱི་རྩ་ཆེན་རང་བཞིན་ངེས་གསལ་བྱས་པ་དང་། 2017ལོའི་ཟླ་བ8པར་བོད་ཁུལ་གྱི་སའི་གོ་ལས་བརྗོད་དོན་གཙོ་བོར་བྱས་པའི་བྱེས་སུ་ཚན་རིག་ཞིབ་འཇུག་གི་རྟེན་གཞི་སྟེ་སེར་ཤུལ་རྫོང་ནས་སའི་གོ་ལ་རྒྱང་ལྟ་སོ་སྲུང་བྱེད་པ་དང་བྱེས་སུ་ཚན་རྩལ་ཞིབ་འཇུག་བྱེད་མཁན་དང་བླངས་པའི་ཚན་རྩལ་ཞིབ་འཇུག་རྟེན་གཞི་དང་པོ་སེར་ཤུལ་དུ་བཙུགས་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས2018ལོར་རྒྱལ་ཕྱི་ནང་གི་ཁེ་ལས་གྲགས་ཅན་སི་ཁྲོན་དུ་སྐྱོད་པའི་བྱེད་སྒོར་ལས་གཞི121འོས་སྦྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།