གོ་སླའི་ཚིག་གིས་ད་ལོའི་ཁུལ་ཨུའི་ཡིག་ཆ་དང་པོའི་ནང་དོན་གསལ་བཀྲོལ་བྱས།

        2018-04-23

      དཀར་མཛེས་ཁུལ་གྱི་ཤར་རྒྱུད།

     ཤིང་འབྲས་དང་སྔོ་ཚལ། ཤ་མོ། སྨན་རྩྭ། ནོར་ནག བོང་ནག ཕག བྱ། སྦྲང་འབུ་སོགས་གཙོ་བོར་བྱས་པའི་ཕན་འབྲས་ཡོད་པའི་ཞིང་འབྲོག་ལས་འཕེལ་རྒྱས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་སྤྱི་ལེ་བརྒྱའི་ར་གྲོད་ཤ་མོ་དང་ཟླ་གམ་གྲོང་སྡེའི་ཀུ་ཤུ། དབང་ལག་ཐོན་ལས་སྤེལ་ཁུལ་བཅས་སྐྲུན་ཤུགས་ཆེ་རུ་གཏང་རྒྱུ། གངས་དཀར་རི་བོ་སྐོར་ལམ་དུ་སྔོ་ཚལ་དང་སིལ་ཏོག་ཐོན་ལས་སྤེལ་ཁུལ་བསྐྲུན་པ། བརྒྱད་ཟིལ་རྫོང་ལྟེ་གནས་བྱས་ཏེ་ཕྱོགས་བཞིར་བསྲིངས་པའི་བོང་ནག་དང་ཤྭ་ཁྲ་སོགས་དམིགས་བསལ་གསོ་སྤེལ་ཐོན་ལས་སྤེལ་ཁུལ་བསྐྲུན་རྒྱུ།

      དཀར་མཛེས་ཁུལ་གྱི་ལྷོ་རྒྱུད།

      སྒྲིག་ཆས་ལག་རྩལ་ལ་བརྟེན་པའི་ཞིང་ལས་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཤིང་འབྲས་དང་སྔོ་ཚལ་སྤུས་དག་དང་། ཆང་སྙོལ་བྱེད་རྒུན་འབྲུམ། ནོར་ནག བོད་ཕག བོད་བྱ། སྦྲང་འབུ། གཟན་རྩྭ་སོགས་གཙོ་བོར་བྱས་པའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུ། འབའ་ཐང་དང་ཕྱག་ཕྲེང་། སྡེ་རོང་བཅས་ཀྱི་སྤྱི་ལེ་བརྒྱའི་ཤིང་འབྲས་དང་སྔོ་ཚལ་འཛུགས་ས། འབྲི་ཆུ་དང་ཉག་ཆུའི་འབབ་རྒྱུད་དུ་ཁམ་བུའི་ནང་སྙིང་ཐོན་ལས་རྟེན་གཞི། འདབ་པ་ནས་ཕྱག་ཕྲེང་། དེ་ནས་སྡེ་རོང་བར་གྱི་སྤྱི་ལེ་བརྒྱའི་འབྱུང་འཕྲོད་བོད་ཕག་དང་བོད་བྱའི་ཐོན་ལས་སྤེལ་ཁུལ། སྡེ་རོང་དང་ཕྱག་ཕྲེང་གི་རྒུན་འབྲུམ་ཐོན་ལས་གླིང་ཁུལ་བཅས་འཛུགས་སྐྲུན་བྱ་རྒྱུ།

      དཀར་མཛེས་ཁུལ་གྱི་བྱང་རྒྱུད།

      ནས་དང་ཞོག་ཁོག པད་ཁ། རྒྱ་བོད་སྨན་རྫས། ནོར་ནག་སྤུས་དག བོད་ལུག གཟན་རྩྭ་སོགས་གཙོ་བོར་བྱས་པའི་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། རྟའུ་དང་བྲག་འགོའི་སྤྱི་ལེ་བརྒྱའི་མུའུ་ཁྲིའི་པད་ཁའི་ལྟ་སྐོར་ཞིང་ལས་ཐོན་ལས་དཔེ་སྟོན་ཁུལ། དར་མདོ་ར་རྔ་ཁ་ནས་དཀར་མཛེས་རྫོང་བར་གྱི་སྤྱི་ལེ་བརྒྱ་ཡི་ནས་འཛུགས་ས་རིང་མོ། སེར་ཤུལ་ལོ་ཆུང་གི་མུའུ་ཁྲིའི་ཞིང་ལས་འབྲུ་རིགས་དཔལ་འབྱོར་ཕྱོགས་འདུས་དཔེ་སྟོན་རྟེན་གཞི་བཅས་འཛུགས་ཤུགས་ཆེ་རུ་གཏང་རྒྱུ་དང་། སྤྱི་ལེ་བརྒྱའི་སྔོ་ལྗང་སྐྱེ་ཁམས་ཐོན་ལས་ཁུལ་གསུམ་རྒྱ་སྐྱེད་བཏང་སྟེ་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་གསོན་ཤུགས་གསར་པ་བསྣན་དགོས། དཔལ་འབྱོར་འབྲས་ཤིང་དང་སྐྱེ་ཁམས་ནགས་ཚལ། ལྟ་སྐོར་ནགས་ཚལ་བཅས་ནགས་ཚལ་གསུམ་ཟུང་དུ་འབྲེལ་ཞིང་ནགས་ལས་དཔལ་འབྱོར་དང་ནགས་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏང་དགོས། ནགས་ཚལ་འདབས་སུ་གསོ་སྤེལ་ལས་རིགས་ཤུགས་ཆེན་སྤེལ་བ་དང་བེ་ཤ་སོགས་རི་སྐྱེས་ཤ་མོའི་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏང་དགོས། རི་སྐྱེས་འདྲེ་ཚེར་མ་དང་སྟར་བུ། ཇ་ཤིང་རྙིང་གྲས་སོགས་གསོ་འདེབས་བྱས་ཏེ་ཁམ་བུའི་རི་གྲོང་དང་མངར་ཁམ་གྲོང་ཚོ་བསྐྲུན་ཏེ་ནགས་ལས་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྤེལ་བྱ་དགོས།


  • ལེ་ཚན་སྔོན་མ།:རྟེན་འབྲེལ་ཞུ།དུས་དེབ་དང་སློབ་གྲྭ་བར་དུ་གསེར་ཟམ་ཆགས་པར་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།