ཉག་རོང་རྫོང་གིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་གཙང་མ་བསྐྲུན།

ཡེ་ཤེས་ལྷ་མོ།        2018-04-19

    ཉེ་ཆར། ཉག་རོང་རྫོང་གིས་སྔོ་ལྗང་དྭངས་གཙང་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཞིག་བསྐྲུན་ཏེ་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་གཙང་མ་ཞིག་བསྐྲུན་ཆེད། རྫོང་ཡོངས་སུ་ཤིང་འཛུགས་ནགས་སྤེལ་གྱི་བྱེད་སྒོ་རྒྱ་ཆེན་སྤེལ་བ་རེད། 

    རྫོང་ཁོར་སྲུང་ནགས་ལས་ཅུས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ཏེ་རྫོང་རིམ་སྡེ་ཚན63གྱི་ལས་བྱེད་པ3313316དང་རྫོང་སློབ་འབྲིང་དང་སློབ་ཆུང་གི་སློབ་མ་བཅས་སྒྲིག་འཛུགས་བྱས་ནས། རྒྱ་རྭ་གཤིས་ཤང་ཕུར་པ་ལུང་པར་ཤིང་མྱུག་བསྡོམས་པས10000ལྷག་བཙུགས་པ་དང་། ཉག་རོང་རྫོང་གི་ས་མཚམས་ཉག་སྟོད་ནས་གྱང་ཁང་ཟམ་པ་བར་གྱི་ཞིང་ཆེན་རིམ་པའི་གཞུང་ལམ217པའི་ལམ་གཡས་གཡོན་གཉིས་བར་ཐག་སྤྱི་ལེ90ཡོད་སར་ལྕང་མྱུག7500དང་སྦྱར་མྱུག7500བཙུགས་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་ཁོར་སྲུང་ནགས་ལས་ཅུས་ཀྱིས་རྒྱ་ཆེ་བའི་མང་ཚོགས་ལ་སའི་གོ་ལ་བདག་གཅེས་དང་ཁྱིམ་གཞི་སྲུང་སྐྱོང་། ནགས་ཚལ་ཐོན་ཁུངས་གཙིགས་འཛིན་བྱེད་པའི་སྐོར་སློབ་གསོ་དང་འབོད་སྐུལ་བཏང་པས་རྒྱ་ཆེ་བའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་བདག་གཅེས་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཞིང་སྡེའི་སྤྱི་ཚོགས་ཞབས་ཞུའི་ནུས་པ་ཡར་ཐོན་མངོན་གསལ་བྱུང་།
  • ལེ་ཚན་རྗེས་མ།:《དཀར་མཛེས་ཉིན་རེའི་ཚགས་པར》གྱི་པར་ངོས་ལེགས་བཅོས་འགྲུབ་པར་འདུ་འགོད་ཚགས་ཚུད་བྱེད།
  • དོ་སྣང་ཆེ་བའི་རྩོམ།