རང་ཁུལ་གྱི་ཞིང་སྡེ་ཡུལ་མིའི་སྤྱོད་ཡུན་རིང་བའི་འཛད་རྫས་ཀྱི་སྤུས་འབོར་མཉམ་སྤར་བྱུང་།

        2018-04-19

    རང་ཁུལ་གྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་མཇུག་འབྲས་ལས་གསལ་པོ་མཚོན་པར་གཞིགས་ན། ཞིང་པའི་ཡོང་འབབ་ཆུ་ཚད་མཐོ་རུ་ཕྱིན་པ་དང་སྦྲགས། ཞིང་པའི་ཁྱིམ་ཚང་གི་བརྙན་འཕྲིན་དང་། འཁྱགས་སྒམ། ལག་ཁྱེར་ཁ་པར་སོགས་སྤྱོད་ཡུན་རིང་བའི་འཛད་རྫས་ཚང་མ་ཡོད་ལ། རླངས་འཁོར་དང་། དྲོད་སྙོམས་འཕྲུལ་ཆས། རྩིས་འཕྲུལ་སོགས་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པའི་སྤྱོད་ཡུན་རིང་བའི་འཛད་རྫས་ཡོད་མཁན་ཡང་ལྡབ་འགྱུར་འཕར་བཞིན་ཡོད་པ་རེད། ཞིང་དུད་བརྒྱ་རེའི་ནང་ཆ་སྙོམས་རླངས་འཁོར་ཆུང་གྲས16.7ཡོད་པས2006ལོ་ལས་ལྡབ6འཕར་བ་དང་། འཕྲུལ་རྟ་དང་སྐམ་གློག་འཁོར་ལོ64.3ཡོད་པས2006ལོ་ལས་ལྡབ2.4འཕར་ཡོད། ཆུ་སྲོ་འཕྲུལ་ཆས28.6དང་དྲོ་སྙོམས་འཕྲུལ་ཆས1.1ཡོད་པས2006ལོ་ལས་ལྡབ18.3འཕར་ཡོད། ཚོན་ལྡན་བརྙན་འཕྲིན90.7ཡོད་པས2006ལོ་ལས་ལྡབ1.8འཕར་ཡོད། རྩིས་འཕྲུལ4.2ཡོད་པས2006ལོ་ལས་ལྡབ28འཕར་ཡོད། ལག་ཁྱེར་ཁ་པར175.5ཡོད་པས2006ལོ་ལས་ལྡབ13.7འཕར་བ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་དཔྱིད་རྨོད་དང་དབུལ་ཐར་ལས་ཀ་མཉམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཞིང་སྡེའི་སྤྱི་ཚོགས་ཞབས་ཞུའི་ནུས་པ་ཡར་ཐོན་མངོན་གསལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།