ཉག་རོང་རྫོང་གིས་དཔྱིད་རྨོད་དང་དབུལ་ཐར་ལས་ཀ་མཉམ་སྤེལ་བྱས།

ཡེ་ཤེས་ལྷ་མོ།        2018-04-19

    

ཉག་རོང་རྫོང་གིས་དཔྱིད་རྨོད་དང་དབུལ་ཐར་ལས་ཀ་མཉམ་སྤེལ་བྱས།

     ཉེ་ཆར། ཉག་རོང་རྫོང་ཤང་ལོང་གཤིས་ཤང་གིས་ཐོག་མཐའ་བར་གསུམ་དུ་དབུལ་པོའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་གཏོང་ཐབས་དེ་ཤང་གི་ལས་རིམ་དང་པོར་རུ་བཞག་སྟེ་མང་ཚོགས་ཀྱི་འཚོ་བའི་ཐོན་ལས་ཆགས་ཤུགས་ཆེ་རུ་བཏང་བ་རེད། 

     ཤང་ཏང་ཨུ་དང་སྲིད་གཞུང་གིས་ཞིང་པ་སྒྲིག་འཛུགས་བྱས་ནས་ཐོག་མར་དབུལ་ཐར་ཡོང་དགོས་ན་ཏང་གི་སྲིད་ཇུས་བཟང་པོར་བརྟེན་པས་མ་ཚད་ངེས་པར་དུ་རང་ཉིད་ཀྱིས་སྟོབས་ནུས་བསྒྲིམས་ནས་ཕྱུག་འགྱུར་ཡོང་གང་ཐུབ་བྱ་དགོས་པའི་སློབ་གསོ་དྲིལ་བསྒྲགས་བྱེད་སྒོ་སྤེལ། དེའི་རྗེས་ཤང་ཏང་ཨུ་དང་སྲིད་གཞུང་གིས་རང་སྡེའི་དབུལ་པོ་དུད་ཚང་གི་དོན་དངོས་ཀྱི་ཐོན་སྐྱེད་ལས་ཀ་དང་ཟུང་འབྲེལ་བྱས་ནས་དཔྱིད་རྨོད་སྤུས་དག་ཅན་དང་ཐོན་ལས་ལེགས་སྒྲིག་གཏོང་པའི་ལས་ཀ་ལས་འགོ་ཚུགས་ཤིང་།  དུད་ཚང་དབུལ་པོའི་མི་རེ་རེ་ལ་ཚན་རིག་དང་མཐུན་པའི་ཞིང་ལས་བྱ་ཐབས་དང་དཔྱིད་རྨོད་སྒྲིག་ཆས་བེད་སྤྱོད་བྱེད་སྟངས།  སོན་བཟང་ནས་ནག་དང་ཕྱི་པགས་སྨུག་པོའི་ཞོག་ཁོག་སྤུས་ལེགས་འདེབས་འཛུགས་བྱ་ཐབས་སོགས་ཞིང་ལས་ཆེད་གཉེར་ཤེས་ལྡན་པ་གདན་འདྲེན་ཞུས་ནས་མང་ཚོགས་ལ་བསླབས་པར་མ་ཟད། ད་ལོར་དབུལ་པོ་ལས་ཐར་དགོས་པའི་དུད་ཚང39དང་མི་གྲངས192ལ་པགས་སྨུག་ཞོག་ཁོག་སྤུས་ལེགས་ཏུན30དང་ནས་ནག་ས་བོན་སྤུས་ལེགས་རྒྱ་མ15750  ཞིང་སྨན་ཏུན2དང་དཔྱིད་རྨོས་འཕྲུལ་ཆ20 བཅས་སྤྲད་པ་རེད། རྒྱ་ཆེན་མང་ཚོགས་ཀྱིས་ཏང་ཨུ་སྲིད་གཞུང་ལ་བཀའ་དྲིན་ཡང་ཡང་ཞུས་པས་མ་ཚད་རྗེས་སུ་རྒྱལ་ཁབ་ཀྱི་བྱིན་པ་ཁོ་ན་བསྒུགས་པའི་གོམས་གཤིས་སྤངས་ནས་རང་ངོས་ནས་ལས་ལ་བརྩོན་ཏེ་དབུལ་ཐར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཞིང་སྡེ་ཡུལ་མིའི་སྤྱོད་ཡུན་རིང་བའི་འཛད་རྫས་ཀྱི་སྤུས་འབོར་མཉམ་སྤར་བྱུང་།
  • དོ་སྣང་ཆེ་བའི་རྩོམ།