སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས2018ལོའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ལས་དོན་གྲོས་ཚོགས་འཚོགས།

    བསོད་ནམ་དཔལ་མོས་བྲིས།    2018-04-17

ཟླ་བ4བའི་ཚེས10ཉིན། སེར་ཤུལ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་བོད་རྒྱ་སྐད་གཉིས་ལས་དོན་སྐོར་གྱི་བླང་བྱ་ལྟར། སྐད་གཉིས་གསོ་སྦྱོང་ལས་དོན་བཀོད་སྒྲིག་སྔར་ལས་ཞིབ་ཚགས་དང་གཅིག་གྱུར་ཡོང་བ་དང་ལས་བྱེད་པས་སྐད་གཉིས་སྦྱོང་བའི་སྤྲོ་སེམས་ཀུན་ནས་བསླང་ཆེད། ཞིབ་དཔྱོད་ཁང་ཆབ་སྲིད་ཁྲུའུ་ཡིས2018ལོའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ལས་དོན་སྐོར་གྱི་གྲོས་ཚོགས་འཚོགས་པ་རེད།

ཚོགས་ཐོག་འབྲེལ་ཡོད་འགོ་ཁྲིད་ཀྱིས2018ལོའི་བོད་རྒྱ་སྐད་གཉིས་གསོ་སྦྱོང་ལས་དོན་བཀོད་སྒྲིག་བྱས་པར་མ་ཟད། སློབ་སྦྱོང་དུས་ཚད་གཏན་འཁེལ་དང་སློབ་ཁྲིད་ཇུས་གཞི་ཞིབ་ཕྲ། སློབ་སྦྱོང་སྒྲིག་ཁྲིམས་དམ་པོ། འགན་འཁྲི་ལས་བགོས་གསལ་པོ་བཅས་བྱ་རྒྱུ་དང་། སྐད་གཉིས་གསོ་སྦྱོང་རྩ་འཛུགས་སྡེ་ཁག་དང་དགེ་རྒན། སློབ་གཉེར་བ་ཡོངས་ཀྱིས་འགན་འཁྲི་རང་འཁུར་དང་རང་འགན་རང་ལེན། སྐད་གཉིས་ལས་དོན་བཟོ་ལྟ་ཙམ་དང་ཕྱི་ཚུལ་ཙམ་གཏན་ནས་མི་བྱེད་པ། སློབ་སྦྱོང་བྱེད་ཐབས་ཐད་ལ་གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ། སྦྱངས་པ་བེད་སྤྱོད། ལས་དོན་དང་འཚོ་བའི་ཁྲོད་དུ་འཕྲད་པའི་སྐད་རིགས་གནད་དོན་སློབ་ཐུན་དུ་འདྲི་གཞིར་བྱེད་པ། འཕྲིན་ཕྲན་སློབ་སྦྱོང་ཚོགས་པ་བེད་སྤྱོད་ལེགས་པོ་གཏོང་ཞིང་། རྒྱུན་དུ་མང་ཙམ་བཤད་པ་དང་མང་ཙམ་དྲི་བ། མང་ཙམ་སྦྱོང་བ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དངོས་སུ་ཐོབ་ཐུབ་པར་བྱ་དགོས་པའི་རེ་འདུན་བཏོན་པ་རེད།

ཚོགས་ཐོག་དགེ་རྒན་དང་སློབ་གཉེར་བ་དག་གིས་རང་རེའི་ལས་ཁུངས་ཀྱི་སྐད་གཉིས་གསོ་སྦྱོང་ལས་དོན་ཇི་ལྟར་བྱས་ན་ལེགས་འགྲུབ་ཡོང་བའི་སྐོར་རེ་རེ་བཞིན་བསམ་འཆར་བརྗེ་རེས་དང་། དང་ལེན་བྱེད་རེས་བྱས་ནས་སྐད་གཉིས་གསོ་སྦྱོང་ལས་དོན་ཇེ་བཟང་དུ་ཕྱིན་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད།

ཆབ་སྲིད་ཁྲུའུ་ཡི་ལས་བྱེད་པ་དང་སྐད་གཉིས་དགེ་རྒན། སློབ་གཉེར་བ་བཅས་གྲོས་ཚོགས་སུ་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:རང་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་གྱི་བཟོ་ལས་མཉམ་ལས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་ཐུམ་བུའི་ནད་ཀྱི་ཞིབ་བཤེར་དང་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།