རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས།

དབྱངས་ཅན་དང་ཀུན་དགས་བསྒྱུར།        2018-04-16

      ◆ བསམ་བློ་གསར་པས་མཐུན་སྒྲིལ་འབད་འཐབ་ཀྱི་ཁ་ཕྱོགས་གཅིག་གྱུར་བྱས།

      ཟླ་བ3པའི་ཟླ་སྟོད་དུ་རང་ཁུལ་གྱི་སྡེ་རོང་རྫོང་སོགས་གནམ་གཤིས་ཀྱི་ཆ་རྐྱེན་བཟང་བའི་ས་ཁུལ་དུ་རྒྱུན་མཐུད་དུ་རེས་དང་པོའི་དཔྱིད་དུས་ཀྱི་ཤིང་འཛུགས་བྱེད་སྒོ་སྤེལ་ནས། བྱེད་སྒོ་དེ་སྤེལ་རྒྱ་ཆེ་ལ་གྲུབ་འབྲས་ཀྱང་མངོན་གསལ་ཆེ་བས་ན་ལོའི་དུས་མཉམ་དང་བསྡུར་ན་གྲུབ་འབྲས་དེ་བས་མངོན་གསལ་ཡིན་པ་རེད།

      དེ་སྔོན་ཁུལ་ཁོར་སྲུང་ཅུས་ཀྱིས་ཅུས་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོའི་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པར་མ་ཟད་དོན་ཐོག་འཁྱོལ་བར་བཀོད་སྒྲིག་བྱས། གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་ཁོར་སྲུང་མ་ལག་གིས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལོན་ཐུབ་པའི་རྨང་གཞིའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མགྱོགས་མྱུར་དང་ཕན་འབྲས་ལྡན་པའི་སྒོས་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། བསམ་བློ་གསར་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དང་ཁོར་སྲུང་ལྟ་ཞིབ་ལས་ཀར་ཁྲིད་སྟོན་བྱ་དགོས་པའི་བླང་བྱ་བཏོན།

      རེས་གསར་པའི་ཤིང་འཛུགས་བྱེད་སྒོ་དེ་རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་རིམ་གྱི་དགོངས་དོན་དེ་གཞི་རྩའི་བསྲུང་བྱ་བྱས་ཏེ། ངོས་འཛིན་གཅིག་འགྱུར་དང་སེམས་ཤུགས་གཅིག་སྒྲིམ་དང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ཏེ་ཐུན་མོང་དུ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པའི་མཚོན་ཚུལ་རེད།

      ལོ་གསར་པ་ཤར་བ་ནས་བཟུང་། རང་ཁུལ་གྱི་ལས་རིགས་སོ་སོ་དང་སྡེ་ཁག་སོ་སོས་གཅིག་རྗེས་གཉིས་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པས་ཁྲིད་སྟོན་བྱས་ཏེ། སྙིང་སྟོབས་ཆེར་སྐྱེད་དང་གནས་བབ་གསར་པར་ཞིབ་འཇུག བྱེད་ཐབས་གསར་པ་བཀོད་སྒྲིག་བཅས་བྱས་ཏེ། ལོ་གསར་པའི་ལས་ཀར་འགོ་ཡག་པོ་ཞིག་འཛུགས་པར་སྐུལ་འདེད་གཏོང་གང་ཐུབ་བྱས་པ་རེད།

      ◆ བསམ་བློ་གསར་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་བཏང་།

      ང་ཚོའི་ཁྱིམ་ཚང་གི་གནས་ཚུལ་འདིར་ད་དུང་ཐོན་ལས་དབུལ་སྐྱོར་གྱི་ཐེབས་རྩའི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་ནི། སྲིད་གཞུང་གིས་དངོས་གནས་གང་ཐུབ་ཅི་ཐུབ་ཀྱིས་སེམས་ཁུར་ཡག་པོ་བྱེད་འདུག་ཅེས་པའི་སྐད་ཆ་ནི་རྟའུ་རྫོང་དགེ་བཤེས་ཤང་གྲོང་རོང་སྡེ་བའི་མཎྜལ་སྟེང་རྩྭ་ཐང་དུ་ཤང་དེའི་འབྲོག་པ་རྡོ་རྗེས་ཤང་ཀྲང་གཞོན་པ་ཉི་མ་ཤེས་རབ་ལ་བཤད་པ་རེད།

      ད་ལོར་རྟའུ་རྫོང་དུ་དབུལ་ཕོངས་གྲོང་སྡེར་མི་གཏོགས་པའི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང72ལ་ཡང་ཐོན་ལས་དབུལ་སྐྱོར་གྱི་ཐེབས་རྩའི་ཕན་འབྲས་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཡང་རྫོང་དེས་སྔ་ཚེར་དབུལ་ཕོངས་གྲོང་སྡེའི་ཐོན་ལས་དབུལ་སྐྱོར་གྱི་ཐེབས་རྩ་འཛུགས་པའི་ཚོད་ལྟ་བྱས་པའི་དབང་གིས་རེད། ཚོད་ལྟའི་ལས་ཀ་འདིའང་དབུལ་སྐྱོར་ཐེབས་རྩ་བེད་སྤྱོད་བྱེད་སྟངས་གསར་གཏོད་བྱས་པ་ཞིག་རེད། དེའི་སྐོར་ལ་ཉི་མ་ཤེས་རབ་ཀྱིས་དགའ་སྤྲོའི་ངང་ངས་བསམས་ན་ཉམས་མྱོང་འདི་ཁྱབ་སྤེལ་གཏོང་ཆོག་ས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་གྱི་སྒུལ་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུངས་གནང་ཡོད་པས། འདིའང་གསར་གཏོད་ཅིག་བརྩི་ཆོག་པ་རེད་ཅེས་བཤད།

      ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་འགན་ཁུར་མི་སྣས་དཔལ་འབྱོར་གྱི་སྤུས་ཚད་མཐོར་རུ་སྐུལ་འདེད་གཏོང་བ་ནི་དཀར་མཛེས་ཁུལ་མི་དམངས་ཀྱི་རྒྱང་རིང་གི་ཁེ་ཕན་དང་མཐུན་འདུག རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལ་དམ་པོར་དམིགས་ཏེ། སྔར་ལས་ལྷག་པར་དངོས་གཉེར་དཔལ་འབྱོར་སྲ་བརྟན་གཏོང་ཞིང་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་ནུས་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལས་ཀར་དམ་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྤུས་ཚད་མཐོར་རུ་ཕྱིན་གང་ཐུབ་བྱ་དགོས་ཅེས་བཤད།

      ◆ བསམ་བློ་གསར་པས་གྲོང་ཡུལ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་།

      ཟླ་བ3པ་ནས་བཟུང་། ལྕགས་ཟམ་རྫོང་མཚོ་གཉིས་ཤང་ཁང་རྙིང་རི་གྲོང་གི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་དཔོན་ལིའུ་ཝན་ལི་ཉིན་བཞིན་བྲེལ་བ་ཆེ་ནའང་སེམས་པ་ཧ་ཅང་སྤྲོ་བ་རེད། ཟླ་བ3པའི་ཚེས17ཉིན་གསར་འགོད་པས་ལིའུ་ཝན་ལི་དང་འཕྲད་སྐབས། མོས་ལག་ཏུ་ཤ་བསྙལ་མས་བཟོས་པའི་ཐུག་པ་ཞིག་འགྲུལ་པ་ཚོའི་མདུན་དུ་ཁྱེར་ནས་སྤྲོ་བ་ཆེན་པོས་གསར་འགོད་པར་མེ་ཏོག་བཀྲ་བའི་སྐབས་སུ་ང་ཚོ་མཚོ་གཉིས་ཤང་དུ་འོང་མཁན་མི་ཧ་ཅང་མང་པོ་འདུག དབྱར་མཇུག་དང་སྟོན་འགོའི་བར་རྒྱུན་མཐུད་དུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་པའི་འགྲུལ་པ་མང་པོ་ཡོད། སྐབས་འགའ་ང་རང་གིས་ཉིན་རེར་མི་གྲངས་བཞི་བརྒྱ་ཡས་མས་ལ་སྣེ་ལེན་བྱས་པ་ཡིན་ཞེས་བཤད།

      མཚོ་གཉིས་ཤང་ཏང་ཨུའི་ཧྲུའུ་ཅི་ཀའོ་ཅན་གྱིས་ཉེ་བའི་ལོ་ཤས་རིང་མཚོ་གཉིས་ཤང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས། ཡུལ་དེའི་མང་ཚོགས་ཀྱི་ཡོང་འབབ་ལྡབ་འགྱུར་འཕར་སྣོན་བྱུང་ཡོད།ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་མཚོ་གཉིས་ཤང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཁྱབ་སྤེལ་གཏོང་བ་དང་རིམ་པ་སྤར་རྒྱུའི་ལས་ཀར་ནུས་ཤུགས་བསྣན་པ་དང་ཆབས་ཅིག སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཤུགས་ཆེར་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

      ◆ བསམ་བློ་གསར་པས་དམངས་འཚོ་རྒྱུན་མཐུད་ངང་ལེགས་བཅོས་གཏོང་བར་སྐུལ་མ་བཏང་།

      མིག་སྔར། ཕྱག་ཕྲེང་རྫོང་གི་དམངས་འཚོའི་ལས་གྲྭ་སྟེ། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར3.42བཏང་བའི་ཕྱག་ཕྲེང་རྫོང་དམར་ཆུ་ཆུ་བེད་ལས་གྲྭའི་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་བྱུང་ཡོད་ཅིང་། རྫོང་དེའི་མི་དམངས་མང་ཚོགས་ལ་མཚོན་ན་འདི་ནི་དགའ་འོས་པ་དང་སྤྲོ་འོས་པའི་བྱ་བ་ཞིག་རེད།

      གྲོང་མི་བཀྲ་ཤིས་རྡོ་རྗེས་ཕྱག་ཕྲེང་རྫོང་གི་ཤང་གྲོང་མི་ཉུང་བ་ཞིག་རི་སྐེད་ན་གནས་ཡོད་ཅིང་། དེ་ནའི་གནམ་གཤིས་དང་ས་བབ་ཀྱི་རྒྱུ་རྐྱེན་ལས་གྲོང་མིས་ཆུ་སྤྱོད་དཀའ་བས་འཚོ་བ་དང་འཕེལ་རྒྱས་སོགས་ལ་བཀག་འགོག་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང་དམར་ཆུ་ཆུ་བེད་ལས་གྲྭ་འཛུགས་སྐྲུན་གྲུབ་རྗེས་རྫོང་དེའི་ཤང་ཁག5དང་གྲོང་སྡེ37ལ་འཐུང་ཆུ་དང་ཞིང་ཆུ་སྤྱད་རྒྱུ་ཡོད་པས་མ་ཚད་ཡོང་འབབ་ཀྱང་འཕར་སྣོན་ཡོང་ངེས་རེད། འཐུང་ཆུ་དང་ཞིང་ཆུའི་གནད་དོན་ཐག་གཅོད་བྱས་རྗེས་ང་ཚོའི་འཚོ་བའི་ཆ་རྐྱེན་ཐད་ལ་ལེགས་བཅོས་ཆེན་མོ་འགྲོ་ངེས་རེད་ཅེས་བཤད་པ་རེད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གིས་དམངས་འཚོའི་གནད་དོན་ནི་དམངས་སེམས་ཀྱི་གནད་དོན་ཞིག་ཡིན་ཞེས་ནན་གསུང་གནང་ཡོད་ཅིང་། རང་ཁུལ་གྱིས་དམངས་འཚོའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་པ་དང་། དམངས་འཚོ་ནི་རང་ཁུལ་གྱི་ལས་ཀའི་སྤྱིའི་བཀོད་སྒྲིག་ནང་གི་དོན་ཆེན་གསུམ་གྱི་གྲས་ཤིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་དང་ལས་ཞུགས་སོགས་ཀྱི་ལས་དོན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱ་དགོས་ཞེས་གསུངས་ཡོད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཨུ་རྒྱུན་ཨུའི་གྲོས་ཚོགས་ཐོག་ལྟ་བ་གསལ་སྟོན་གྱིས་མི་དམངས་ཀྱིས་འཚོ་བ་སྐྱིད་པོར་རེ་སྨོན་བྱེད་པའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པ་དེ་དོན་ཆེན་ཨང་དང་པོར་བརྩི་དགོས་པ་དང་དངོས་གནས་དྲང་གནས་ཀྱིས་དམངས་འཚོ་ལེགས་བཅོས་གཏོང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

      ◆ བསམ་བློ་གསར་པས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པར་ཁྲིད་སྟོན་བྱས།

      དཀའ་ངལ་ཡོད་པའི་མང་ཚོགས་ཁ་ཤས་ཀྱིས་དབུལ་སྐྱོར་ལས་ཀའི་ཁྲོད་རང་ཉིད་བརྗེད་འགྲོ་བར་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད། ཁྱེད་ཚོས་སེམས་ཁྲལ་བྱ་དགོས་ནི་མ་རེད། སེམས་བདེ་མོ་གྱིས་དང་། གནས་ཚུལ་འདི་འདྲ་བྱུང་སྲིད་ནི་མ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འབྱོར་འབྲིང་གི་ལམ་བུ་ཐོག་ཏུ་མི་རིགས་དང་དུད་ཚང་། མི་སྒེར་སོགས་གང་ཡིན་ཡང་གཅིག་ཀྱང་ལུས་མི་རུང་བ་བྱ་དགོས་ཞེས་གསལ་པོར་བསྟན་ཡོད་པས་རང་ཁུལ་གྱི་ཁུལ་རྫོང་རིམ་པའི་སྲིད་གཞུང་གིས་ཀྱང་འདི་ལྟར་ཐོག་མཐའ་བར་གསུམ་དུ་སྒྲུབ་བཞིན་ཡོད་པ་རེད།

དེ་སྔོན། ལི་ཐང་རྫོང་ཚེ་མགོན་ཤང་མཆོད་རྟེན་གྲོང་སྡེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་པ་ངག་དབང་རྒྱལ་མཚན་གྱིས་མི་དམངས་མང་ཚོགས་ལ་སེམས་བཟང་དོན་ཟབ་ཀྱི་སྒོ་ནས་རྒྱལ་ཁབ་ལ་ཡིད་ཆེས་དགོས་ལ་བཀའ་དྲིན་ཤེས་དགོས་ཞེས་བཤད། གྲོང་མི་འཇམ་དབྱངས་ཀྱིས་སྒྲོག་འགྲེལ་ལ་ཉན་རྗེས་གུང་ཁྲན་ཏང་བཀའ་དྲིན་ཆེ། ཏང་གིས་ང་ཚོ་སྐྱོང་བཞིན་ཡོད་ལ་ང་ཚོར་ནམ་ཡང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་ཡོད་པ་རེད། ང་ཚོས་དུས་ནམ་ཡང་ཏང་གི་བཀའ་དྲིན་བརྗེད་མི་སྲིད་ཅེས་ཡིད་འགུལ་ཐེབས་པའི་ངང་འདི་ལྟར་བཤད་པ་རེད།

      ◆ བསམ་བློ་གསར་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་ལྕག་བཏང་།

      ཟླ་བ་གསུམ་པའི་ཟླ་སྟོད་དུ་ཁ་བྱང་ལ《དཀར་མཛེས་ཁུལ་གྱི་ལས་བྱེད་པ25ཤོག་ཤོ་བརྩེས་ནས་གོ་གནས་འཐེན》ཞེས་པའི་གནས་ཚུལ་དེ་སྨྱན་སྦྱོར་ཁག་ནས་བརྒྱུད་འགོད་བྱས་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གིས་དེར་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། ཆ་འཕྲིན་འདི་ནི་རང་ཁུལ་གྱི་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ལྐོག་ཞིབ་བྱས་པར་བརྒྱུད་ནས་ཤེས་པའི་གནས་ཚུལ་ཞིག་རེད། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་སོགས་ལ་བརྩི་སྲུང་བྱེད་བཞིན་ཡོད་མེད་སྐོར་ནས་ཞིབ་བཤེར་བྱེད་སྐབས་ལས་ཀའི་དུས་ཚོད་ནང་དུ་དོན་མེད་བྱ་སྤྱོད་སྤེལ་བའི་ཏང་སྲིད་ལས་བྱེད་པ60འཛིན་བཟུང་བྱས་ཡོད་པས་དེའི་ནང་ནས་མི25ལ་གོ་གནས་འཐེན་པ་རེད།

      གོང་གི་གནས་ཚུལ་དེ་ནི་རང་ཁུལ་གྱིས་ནུས་པ་ཇེ་ཆེར་དང་རྣམ་པ་གསར་གཏོད་བྱས་ནས་མང་ཚོགས་ལ་སེམས་ཁུར་བྱེད་པའི་བྱ་བར་འགོ་འཛུགས་པ་ཞིག་དང་གཞི་རིམ་གྱི་དོན་ཆུང་ནས་འགོ་འཛུགས་ཏེ་ཁྱོན་ཡོངས་ནས་ཏང་ནན་པོར་སྐྱོང་བར་སྐུལ་འདེད་གཏོང་བའི་མཚོན་ཚུལ་ཙམ་ཞིག་ཡིན་ལ། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཡག་པོ་བྱ་དགོས་ཞེས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་ཚུལ་ཙམ་ཞིག་ཀྱང་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་གི་ལས་ཀ་སྒྲུབ།
  • དོ་སྣང་ཆེ་བའི་རྩོམ།